མཐོ་སྒང་གི་གྲོང་ཆུང་མཛོད་དགེ་མཐོང་བ་ཀུན་སྨོན་ཁ་བའི་མེ་ཏོག་གིས་བརྒྱན།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-14


སྤྱི་ཟླ་3པའི་ཚེས་12ཉིན་གྱི་ས་སྲོད་ལ་དཔྱིད་ཀྱི་ཁ་བ་ས་མཐོའི་གྲོང་ཆུང་མཛོད་དགེ་རུ་དལ་གྱིས་བབས། ཞོགས་པ་མལ་ལས་ལངས་ནས་བལྟས་ཚེ། མཛོད་དགེ་རྩྭ་ཐང་ཆེན་མོར་དར་དཀར་གོས་ཆེན་བཀླུབས་པ་བཞིན་མཛེས་ཤིང་ལྟ་ན་སྡུག །རྩྭ་དང་རྩི་ཤིང་དངུལ་དཀར་ཁ་བས་བཏུམ་ཤིང་རླུང་གི་འགྲོས་དང་བསྟུན་ནས་དལ་གྱིས་གཡོ་བ་མི་ཡུལ་གྱི་དག་ཞིང་བཞིན་རྣམ་པར་མཛེས།

གསར་འགོད་པས་མཛོད་དགེ་རྫོང་གནམ་གཤིས་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། སྤྱི་ཟླ་3པའི་ཚེས་12ཉིན་གྱི་ཆུ་ཚོད་19ནས་21བར། མཛོད་དགེ་རྫོང་དུ་ཁ་བ་ཆེན་པོ་བབས་པས། ཁ་བ་བབས་ཚད་3.5mmཟིན་པ་དང་ཁ་བའི་མཐུག་ཚད་4.0cmཟིན། སྤྱི་ཟླ་3པའི་ཚེས་13ཉིན་གནམ་འཐིབས་ནས་ཁ་བ་འབབ་རྒྱུ་རེད། ཚེས་14ནས་15ཉིན་བར་སྤྲིན་མང་། ཁ་བ་བབས་པའི་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་ནས་དྲོད་གྲང་འཕར་ཆག་ཆེ། གཞུང་ལམ་དུ་དར་ཆགས་པའི་ཉེན་ཁ་ཡོད་པས། མི་དང་སྒོ་ཕྱུགས་འགྲོ་སྐྱོད་བདེ་འཇགས་ལ་གཟབ་རོགས། དེ་དང་ཆབས་ཅིག་ཁ་བ་བབས་ཐེངས་འདིས་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་ཉེན་ཇེ་ཆུང་དང་། ས་རྒྱུའི་བརླན་ཚད་ཇེ་ལེགས་སུ་བཏང་ནས་དཔྱིད་ཀའི་རྨོ་འདེབས་ཀྱི་ཕན་འབྲས་ཇེ་ལེགས་སུ་ཕྱིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1