2024ལོའི་ཆུ་ཆེན་རྫོང་གི་ཆང་བ་ལིའི་མེ་ཏོག་དུས་སྟོན་སྐབས་བརྒྱད་པ་དང་དཔྱིད་དུས་རོལ་དབྱངས་དུས་སྟོན་གྱི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། གནས་མཆོག་རྔ་བ། སྤེལ་དུས། 03-21


ཟླ་3ཚེས་17ཉིན། 2024ལོའི་ཆུ་ཆེན་རྫོང་གི་ཆང་བ་ལིའི་མེ་ཏོག་དུས་སྟོན་སྐབས་བརྒྱད་པ་དང་དཔྱིད་དུས་རོལ་དབྱངས་དུས་སྟོན་གྱི་མཛད་སྒོ་ཆུ་ཆེན་རྫོང་ཤེལ་ནི་གྲོང་ཚོར་སྤེལ།

མཛད་སྒོ་རུ་རིག་རྩལ་ལྟད་མོ་གྱ་ནོམ་པ་བཤམས་ཏེ། ཆུ་ཆེན་རྫོང་གི་ངོ་མཚར་ཁྱད་དུ་འཕགས་པའི་མཛེས་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་བྱས།

རིག་རྩལ་འཁྲབ་སྟོན་དང་དཔྱིད་དུས་རོལ་དབྱངས་དུས་སྟོན། ཆུ་ཆེན་སྐོར་བྲོ་སོགས་ཀྱི་ངོ་མཚར་ལྟད་མོ་སྣ་ཚོགས་ལས། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྗོངས་རྒྱུ་བ་རྣམས་ལ་ཆང་བ་ལིའི་ཡུལ་གྲུའི་ལྗོངས་སྐོར་དང་། རིག་གནས། ཟས་རིགས་བཅས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པར་རོལ་དུ་བཅུག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1