ཁྱད་ལྡན་རྗེས་འདེད་བཅར་འདྲིའི་ལས་སྒོ་སྤེལ་ནས་བདེ་ཐང་ཞབས་ཞུ་མཁོ་འདོན་བྱས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-26


ཉེ་ཆར། མཛོད་དགེ་རྫོང་འཕྲོད་བསྟེན་ལས་ཁུངས་ཁག་གིས་ཁྱིམ་ཚང་སྨན་པ་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གཅོང་ནད་ཕོག་མཁན་དང་ནུས་པ་ཉམས་པའི་ལོ་ལོན་ལ་ཁྱད་ཆོས་ལྡན་པའི་རྗེས་འདེད་བཅར་འདྲིའི་ལས་སྒོ་སྤེལ། དུས་བཅད་ལྟར་བཅར་འདྲི་བྱས་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ནད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ནད་པར་གནད་སྨིན་ནུས་ལྡན་གྱི་སྨན་བཅོས་མཛུབ་སྟོན་དང་བསམ་འཆར་བཏོན།

སྒོ་རྩར་སོང་ནས་ནད་པའི་ལུས་ཁམས་དང་འཚོ་བའི་གོམས་གཤིས། སྨན་གང་ལ་བསྟེན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ནད་གཞིར་བརྟག་དཔྱད་དང་དབྱེ་ཞིབ་བྱས། ནད་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཁྱད་ཆོས་ལྡན་པའི་བདེ་ཐང་ཁྲིད་སྟོན་བྱས། དུས་མཚུངས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁག་གིས་ད་དུང་ནད་པ་དང་དེའི་ཁྱིམ་མིར་འབྲེལ་ཡོད་ཀྱི་ནད་རིགས་སྔོན་འགོག་དང་ལུས་ཁམས་གསོ་སྟངས། སྨན་བསྟེན་ཚུལ་སོགས་བདེ་ཐང་ཤེས་བྱ་སྒྲོལ་འགྲེལ་བྱས་ཏེ། ཁོ་ཚོར་བདེ་ཐང་གནད་དོན་ལ་དོ་དམ་ལེགས་པོ་བྱེད་རོགས་བྱས།

རྗེས་ཕྱོགས་རྫོང་འཕྲོད་བསྟེན་ལས་ཁུངས་ཁག་གིས་ནད་པ་ལྟེ་བར་བཟུང་སྟེ་རྗེས་འདེད་བཅར་འདྲིའི་ལས་དོན་ལེགས་པོ་སྤེལ་ནས། བཅར་འདྲི་ལས་དོན་གྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་བཞིན་བཅར་འདྲིའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ནད་པར་སྟབས་བདེ་ལ་ཕན་འབྲས་ལེགས་པའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1