ཤར་ཕྱོགས་སྐར་ཆེན་འགྲུལ་སྐྱེལ་གྲུ་གཟིངས་འབྲི་ཆུར་ནུབ་པའི་དོན་རྐྱེན་ཁྲོད་ཚེ་ལས་འདས་པ་དག་ལ་མྱ་ངན་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-09


           ཟླ་6ཚེས་7ཉིན། ཧུའུ་པའེ་ཅན་ལེ་རུ། ཤར་ཕྱོགས་སྐར་ཆེན་འགྲུལ་སྐྱེལ་གྲུ་གཟིངས་འབྲི་ཆུར་ནུབ་པའི་དོན་རྐྱེན་ཁྲོད་ཚེ་ལས་འདས་པ་དག་ལ་མྱ་ངན་ཞུས། ཡུལ་དངོས་སུ་མི་ཡོངས་ཀྱིས་གཟབ་ནན་ངང་ཆུ་ཚོད་སྐར་མ་གསུམ་ལ་ངག་བསྡམས་ཏེ་མྱ་ངན་ཞུས་ཡོད་པ་རེད། 

             སྤྱི་ཟླ་6པའི་ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་11ཡས་མས་སུ། འགྲུལ་བ་མི་གྲངས་400ལྷག་ཡོད་པའི་ཤར་ཕྱོགས་སྐར་ཆེན་འགྲུལ་སྐྱེལ་གྲུ་གཟིངས་གློ་བུར་དུ་རླུང་འཁོར་དྲག་པོ་དང་འཕྲད་པས། འབྲི་ཆུའི་བར་རྒྱུད་ཧུའུ་པའེ་ཅན་ལིའི་ཆུ་རྒྱུད་དུ་གྲུ་གཟིངས་མགོ་རྟིང་ལོག་ནས་ཆུར་ནུབ་ཡོད་པ་དང་། འབྲུ་ཆུའི་གྲུ་ལམ་དང་མཚོ་དོན་སྡེ་ཁག་གིས་འཚོལ་སྐྱོབ་གྲུ་གཟིངས་10ལྷག་བཏང་ནས་གནོད་ཐེབས་འགྲུལ་བ་དག་ལ་མྱུར་སྐྱོབ་བྱས་པ་དང་འགྲུལ་སྐྱེལ་གྲུ་གཟིངས་ཕྱིར་ཆུ་ངོས་སུ་ཁ་ལོ་བསྒྱུར་ཐུབ་པ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1