གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༠༩ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་སྒྲིག་བཀོད་ཁང་གིས་2030ལོར་སའི་གོ་ལ་གཉིས་ཀྱིས་ད་གཟོད་མིའི་རིགས་ཤོང་བའི་གསལ་བརྡ་བསྒྲགས།

           སྤྱི་ཟླ་6པའི་ཚེས་5ཉིན་ཏེ་འཛམ་གླིང་ཁུར་ཡུག་ཉིན་མོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལག་རོགས་དྲུང་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྒྲིག་བཀོད་ཁང་གི་ལག་བསྟར་ཀྲུའུ་རེན་གཞོན་པ་ཡེའུ་པོར་ར་ཧེམ་སེ་ཨོ་ཡིས་(Ibrahim   Thiaw)མིའི་རིགས་ཀྱི་འབྱུང་འགྱུར་གྱི་ལས་དབང་ལ་སེམས་ཁུར་བྱས་པའི་གཏམ་བཤད་གནང་། ཉིན་དེར་ཁོས་ཧྲང་ཧའེ་ཐོན་ཅི་སློབ་ཆེན་དུ། 2015ལོའི་རྒྱལ་སྤྱིའི་སློབ་མའི་ཁོར་ཡུག་དང་རྒྱུན་བསྲིང་འཕེལ་རྒྱས་ཚོགས་ཆེན་ལ་མགོ་འཛིན་མཛད་པར་མ་ཟད། ཕུན་ཕའེ་གསར་འགྱུར་ཁང་གི་བཅར་འདྲིའང་དང་ལེན་བྱས་ཡོད། 

             མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚོགས་འདུའི་ཞུ་ཚིག་བརྙན་ཐུང་ལས་བསྟན་དོན།  སའི་གོ་ལའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ལས་རིང་དུ་བརྒལ་འདུག་པས། མིའི་རིགས་ཀྱི་འཚོ་སྡོད་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་བའི་དུས་ལ་ཁེལ་འདུག ང་ཚོས་ཐེངས་རེ་རེའི་གདམ་གསེས་དེ་དག་གིས་ཁོར་ཡུལ་ལ་ཤུགས་རྐྱེན་ག་འདྲ་བཟོ་མིན་ཐད་བསམ་གཞིག་ནན་མོ་བཏང་ནས་སའི་གོ་ལར་བདག་སྐྱོང་བཟང་པོ་བྱ་དགོས་ཞེས་གསུངས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1