གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༡༠ཉིན།

སྤྱི་ཟླ་7པའི་ཚེས་1ནས་སི་ཁྲོན་དུ་མ་མཐའི་གླ་ཕོགས་ཚད་གཞི་མཐོ་རུ་གཏང་འགོ་ཚུགས།

དཔྱད་གཞིའི་པར་རིས།

          སྤྱི་ཟླ་7པའི་ཚེས་1ནས་སི་ཁྲོན་དུ་མ་མཐའི་གླ་ཕོགས་ཚད་གཞི་མཐོ་རུ་གཏང་འགོ་ཚུགས། ཟླ་ཕོགས་ཇེ་མཐོར་གཏོང་བའི་ཚད་གཞི་11%བྱས། མ་མཐའི་གླ་ཕོགས་ཚད་གཞི་ལ་ཚུལ་དང་མཐུན་པའི་སྙོམ་སྒྲིག་བྱས་ཡོད་དེ། ཕན་ནུས་ལྡན་པའི་སྒོ་ནས་འཛད་སྤྱོད་ཀྱི་ཟོང་གོང་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་གསོ་སྐྱོང་བྱ་རྒྱུ། ཐོན་སྐྱེད་སྐུལ་འདེད་བཅས་ལ་ཕན་ནུས་གལ་ཆེན་ལྡན་པ་རེད། ཚོགས་འདུའི་ཐོག་ཐག་གཅོད་བྱས་པ་ལྟར་ན། སྤྱི་ལོ་2015ལོར་སི་ཁྲོན་ཞིང་ཆེན་གྱི་ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་དེ་དམངས་སྒོར་1100དང་1250དང་1400བཅས་ནས། དམངས་སྒོར་1260དང་1380དང་1500བཅས་ལ་སྙོམ་སྒྲིག་བྱས་ཡོད་ཅིང་། ཟླ་ཕོགས་ཆ་སྙོམས་འཕར་ཚད་10.4%ཡིན་པ་རེད། ཉིན་ཧྲིལ་བོ་མིན་པའི་ལས་ཀའི་དུས་ཚོད་ཀྱི་མ་མཐའི་གླ་ཕོགས་ཚད་གཞི་ཆུ་ཚོད་རེར་དམངས་སྒོར་11.5དང་13.2དང་14.6བཅས་ནས། དུས་ཚོད་རེར་དམངས་སྒོར་13.2དང་14.4དང་15.7བཅས་ལ་སྙོམ་སྒྲིག་བྱས་ཡོད། ཆ་སྙོམས་ཀྱི་ཟླ་ཕོགས་འཕར་ཚད་10.5%ཡིན་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1