མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོས་རོགས་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་དགུན་སྐྱེལ་ཕྱུགས་སྐྱོང་དང་ཐོན་ལས་ཕྱིར་ཚོང་གི་དམིགས་ཚད་མངོན་འགྱུར་བྱུང་།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-12


ཀྲུང་ཧྭ་འགན་བཅོལ་སྤྱི་གཉེར་ཁང་ནི་རྨེ་ཆུ་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་སྒོ་ཕྱུགས་འགན་བཅོལ་ལ་ཞུགས་པའི་འབྲེལ་ལམ་གཙོ་བོ་ཡིན་ལ། སྒར་གསར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་གི་མཉམ་ལས་བྱེད་རོགས་ཀྱི་གྲས་ཤིག་ཀྱང་ཡིན། ཉེ་ཆར། ཁ་བ་བསྟུད་མར་བབས་པས་ཁོངས་གཏོགས་ཁུལ་གྱི་སྒོ་ཕྱུགས་ཤ་ཤེད་ངན་པར་གྱུར། མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་ཧྭ་འགན་བཅོལ་ཀུང་སི་དང་འབྲེལ་བ་བྱས་ཏེ། རང་མཉམ་ལས་ཁང་གི་ཕྱུགས་རྩྭ་ཉོས་ནས་མང་ཚོགས་ལ་སྦྱིན་པའི་ལམ་ལས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བདེ་བླག་ངང་དཔྱིད་དུབ་ཀྱི་དཀའ་གནད་སྒྲོལ་ནས་ཐུན་མོང་དཔལ་འབྱོར་གྱི་ཐོན་འབབ་འཕར་སྣོན་ལ་རོགས་རམ་བྱས།

བྱེད་སྒོའི་ཡུལ་དངོས་སུ་ཀྲུང་ཧྭ་འགན་བཅོལ་སྤྱི་གཉེར་ཁང་གིས་སྒར་གསར་གྲོང་སྡེའི་གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ནས་རྩྭ་ཉོས་ནས་ཐད་ཀར་མང་ཚོགས་ལ་སྦྱིན་པ་བཏང་། སྒར་གསར་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་འོད་ཟེར་མཁའ་འགྲོ་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། འགན་བཅོལ་སྤྱི་གཉེར་ཁང་གིས་ང་ཚོའི་གཟན་རྩྭ་ཉོས་ནས་མང་ཚོགས་ལ་སྦྱིན་པ་བཏང་། གཅིག་གནས་ངེད་སྡེ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་འཕར་སྣོན་བཏང་། གཉིས་ནས་མང་ཚོགས་ཀྱི་སྒོ་ཕྱུགས་བདེ་བླག་ངང་གྲང་ངར་ཆེ་བའི་དགུན་ཟླ་སྐྱེལ་རོགས་བྱས། ང་ཚོར་དངོས་དོན་གྱི་ཕན་པ་ཐོག་པས་ཐུགས་རྗེ་ཆེ་ཞུ་ཞེས་བཤད།

རྒྱུས་ལོན་པ་ལྟར་ན། ཀྲུང་ཧྭ་འགན་བཅོལ་སྤྱི་གཉེར་ཁང་གིས་ད་ལོར་སྒར་གསར་གྲོང་སྡེའི་གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ནས་རྩྭ་ཏུན་100ཉོས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཐོན་ལས་ཀྱི་ཡོང་འབབ་སྒོར་ཁྲི་18འཕར་སྣོན་བཏང་། ཐེངས་འདིའི་བྱེད་སྒོར་གྲོང་སྡེ་དྲུག་གི་མང་ཚོགས་ལ་རྩྭ་ཏུན་1300དང་རྩྭ་མགོ་33སྦྱིན། གཞན་འབུ་འདེད་སྨན་ཆ་ཚང་208དང་ཕོ་བའི་བདེ་སྲུང་སྨན་ཁུག་624བཀྲམ་ནས་ཡུལ་ཚོའི་མང་ཚོགས་ཁྱིམ་ཚང་1000ལྷན་ལ་ཕན་པ་བསྐྲུན། ཁོངས་གཏོགས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱིས་སྒོ་ཕྱུགས་བདེ་འཇགས་ངང་དགུན་སྒྲོལ་དཔྱིད་སྐྱེལ་ལ་འགན་ལེན་དང་ཐུན་མོང་དཔལ་འབྱོར་ཐོན་ལས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བའི་གཉིས་ཕན་གྱི་དམིགས་ཚན་མངོན་འགྱུར་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1