ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་སི་ཕེན་རྒྱལ་སྤྱིའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-10


              ཉེ་ཆར། ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་སི་ཕེན་རྒྱལ་སྤྱིའི་འདུར་རྒྱུག་ཁྲོད་ཨང་གཉིས་པ་བླངས།  རྒྱུས་ལོན་པ་ལྟར་ན། 20015ལོའི་འཛམ་གླིང་འདུར་རྒྱུག་འགྲན་སློང་གི་སི་ཕེན་ལཱ་ཁི་རུའུ་ཉི་ཡའི་འགྲན་བསྡུར་དེ་ས་གནས་དེ་གའི་སྤྱི་ཟླ6པའི་ཚེས6ཉིན་དངོས་སུ་མཇུག་སྒྲིལ་ཞིང་། ཀྲུང་གོའི་འགྲན་ཞུགས་པ་ལིའུ་ཧོང་གིས་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་ཁྲོད་ཆུ་ཚོད1དང་སྐར་མ24། སྐར་ཆ38ཡི་གྲུབ་འབྲས་ལས་ཨང་དང་པོ་དང་། ཀྲུང་གོའི་འགྲན་ཞུགས་པའམ་བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ27། སྐར་ཆ44ཡི་གྲུབ་འབྲས་ལས་ཨང་གཉིས་པ། སི་ཕེན་གྱི་འགྲན་ཞུགས་པ་ཏིའུ་སེ་ནཱ་ཡིས་ཆུ་ཚོད1དང་སྐར་མ29། སྐར་ཆ50ཡི་གྲུབ་འབྲས་ལས་ཨང་གསུམ་པ་བླངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1