རྔ་བ་ཁུལ་གྱིས་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ལྟ་ཞིབ་ལན་སློག་གནད་དོན་ལ་དག་ཐེར་བྱེད་པའི་ལས་ཀར་སྐུལ་མ་གཏོང་བའི་ཆེད་དོན་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། གནས་མཆོག་རྔ་བ། སྤེལ་དུས། 04-17


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོང་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱ་ཆེད། ཟླ་4ཚེས་15ཉིན། རྔ་བ་ཁུལ་གྱིས་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ལྟ་ཞིབ་ལན་སློག་གནད་དོན་ལ་དག་ཐེར་བྱེད་པའི་ལས་ཀར་སྐུལ་མ་གཏོང་བའི་ཆེད་དོན་གྲོས་ཚོགས་འཚོགས་ནས། འགན་འཁྲི་སྔར་བས་དོན་འཁྱོལ་དང་། བྱེད་ཐབས་ཇེ་ལེགས་སུ་གཏོང་བ། དག་ཐེར་ནན་མོ་བཅས་བྱས་ཏེ། གནད་དོན་ལ་དག་ཐེར་གནད་འཁེལ་དང་ཕན་འབྲས་ཐོབ་པར་ཁག་ཐེག་མཐའ་གཅིག་ཏུ་བྱས།

ཁུལ་དཔོན་གཞོན་པ་ཐའོ་ཀང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཆེན་ཏུའུ་ལིན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཐོག་2022ལོ་དང་2023ལོར་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ལན་སློག་གི་གནད་དོན་དག་ཐེར་གྱི་ལས་ཀ་བསྒྲུབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། དུས་རིམ་རྗེས་མའི་ལས་ཀར་བཀོད་སྒྲིག་བྱས། ལུའོ་ཀྲེན་ཧྭ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོང་ལས་ཀའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། རིམ་པ་ཁག་གི་སྡེ་ཁག་སོ་སོས་བསམ་བློ་གཅིག་གྱུར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ། ཆབ་སྲིད་ཀྱི་འགན་འཁྲི་ནན་མོ་འཁུར་བ་བཅས་བྱས་ཏེ། རང་བྱུང་ཐོན་ཁུངས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གསལ་བོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ལ་འཛིན་པ་རྒྱུན་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོང་ལས་ཀའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ལས་ཀ་དང་རྔ་བའི་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་དགོས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་རྨོ་ཞིང་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས། ལས་རིགས་དོ་དམ་བྱེད་པར་རྨོ་ཞིང་ལ་སྲུང་སྐྱོང་དང་ལས་སྒོ་དོ་དམ་བྱེད་པར་རྨོ་ཞིང་ལ་སྲུང་སྐྱོང་། ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་དོ་དམ་བྱེད་པར་རྨོ་ཞིང་ལ་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་ལྟར། བྱེད་ཐབས་ཡག་པོ་བཀོལ་ནས་རྨོ་ཞིང་སྲུང་སྐྱོང་གི་ཚད་ཐིག་དང་རང་བྱུང་ཐོན་ཁུངས་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་བྱས་ཏེ། དུས་རབས་གསར་བའི་ཆུ་ཚད་སྔར་བས་མཐོ་བའི་ཐེན་ཧྥུའུ་འབྲུ་མཛོད་དང་མཐོ་སྒང་གི་འབྲུ་མཛོད་བསྐྲུན་དགོས།

མིག་སྔར་རྔ་བ་ཁུལ་གྱི་དག་ཐེར་ལས་ཀའི་མྱུར་ཚད་དང་དག་ཐེར་ལས་ཀ་འགྲུབ་ཚད་ནི་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ལུའོ་ཀྲེན་ཧྭ་ཡིས་ནན་གྱིས་བསྟན་དོན། རྫོང་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་ངེས་པར་དུ་བསམ་བློ་ནན་མོ་བཏང་སྟེ་དོགས་ཟོན་ཆེན་པོ་བྱ་དགོས་ལ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཀྱི་གནད་དོན་ལ་དག་ཐེར་བྱེད་པར་སྐུལ་མ་བཏང་སྟེ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱ་དགོས། ཞིང་ཆེན་དང་། ཁུལ། རྫོང་དང་གྲོང་ཁྱེར་བཅས་ཀྱི་དག་ཐེར་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་དག་ཐེར་བྱེད་ཐབས་དང་དག་ཐེར་དུས་ཚོད་ལྟར། དུས་ཚོད་དམ་འཛིན་དང་འཆར་འགོད་ཡག་པོ་བྱས་ཏེ། གཏན་འཁེལ་བྱས་པའི་དུས་ཚོད་ནང་དག་ཐེར་དང་ཐོ་བསུབ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་དགོས་ཤིང་། ཟུར་བལྟས་ལེབ་མཐོང་དང་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱུན་ལྡན་ཅན་གྱི་སྒོ་ནས་ལྟ་སྐུལ་མཛུབ་སྟོན་དང་ལྐོག་འདྲི་བྱས་ནས་མངོན་གསལ་དོད་པའི་གནད་དོན་སྣ་ཚོགས་ལ་ཞིབ་བཤེར་ནན་མོ་དང་ཆད་གཅོད་ནན་མོ་བྱ་དགོས།

ལུའོ་ཀྲེན་ཧྭ་ཡིས་བླང་བྱ་བཏོན་དོན། རྫོང་དང་གྲོང་ཁྱེར་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་རང་འགུལ་ངང་ས་ཞིང་དང་འབྲུ་རིགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་མཁན་གཙོ་བོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས། གོ་རིམ་ཡོངས་སུ་གནད་དོན་དག་ཐེར་ལ་སྐུལ་མ་གཏོང་དགོས། ལས་བགོས་འགན་འཁུར་བས་བྱེད་ཐབས་ཞིབ་ཕྲ་བཟོས་ནས། ལས་ཀ་བསྒྲུབ་པའི་གོ་རིམ་ཁྲོད་ཀྱི་གནད་དོན་དུས་ལྟར་ཐག་གཅོད་བྱ་དགོས་ལ། རང་བྱུང་ཐོན་ཁུངས་ལས་ཁུངས་གྱིས་ལྟ་ཞིབ་ལན་སློག་གི་གནད་དོན་ལ་དག་ཐེར་བྱེད་པའི་གོ་རིམ་གྱི་དོ་དམ་ཚོད་འཛིན་དང་སྤུས་ཚད་ཀྱི་དོ་དམ་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ལས་རིགས་ཁག་གི་གཙོ་འགན་འཁུར་བའི་སྡེ་ཁག་གིས་རང་རང་གི་འགན་འཁྲི་བསྒྲུབ་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་གནད་དོན་གཙང་བཤེར་དང་དག་ཐེར་ལ་ཐུན་མོང་སྒོས་དམ་འཛིན་བྱ་དགོས། དངོས་ཐོག་བདེན་འཚོལ་དང་བརྟན་བརླིང་གཟབ་ནན་རྒྱུན་འཁྱོངས་བྱས་ཏེ། ལས་ཀ་འགྲུབ་ཐབས་བྱས་ནས་མགོ་སྐོར་གཏོང་བ་སོགས་གནས་ཚུལ་འབྱུང་བར་སྔོན་འགོག་ནན་མོ་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ཏེ་གཏན་འཁེལ་གཉིས་ལ་བརྩི་བཀུར་དང་སྲུང་སྐྱོང་གཉིས་ཀྱི་ལས་ཀ་བསྒྲུབ་ནས། རྒྱལ་ཁབ་དང་མི་དམངས་ལ་ཡིད་ཚིམ་པའི་གྲུབ་འབྲས་འབུལ་ཏདགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1