ཀྲུང་གོའི་ཞང་ཞུང་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བཤུས་གློག་བརྙན་《ཞང་ཞུང་།》ཞེས་པའི་ཕབ་སྐྲུན་འགོ་རྩོམ་པའི་མཛད་སྒོ་པེ་ཅིང་དུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-10


ཚོགས་འདུའི་ཡུལ་དངོས་ཀྱི་འདྲ་པར།

            སྤྱི་ཟླ་6པའི་ཚེས་7ཉིན། CCTVགནའ་གཏམ་འཕྲིན་ལམ་གྱི་《ཕ་ཡུལ།》ལེ་ཚན་ཚོ་ཆུང་དང་། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་འཛམ་གླིང་སྐད་ཡིག་དཔེ་སྐྲུན་ཁང་། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས། པེ་ཅིང་རྒྱང་རིང་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱ་རྒྱུའི་ཀྲུང་གོའི་ཆེས་ཐོག་མའི་ཞང་ཞུང་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བཤུས་གློག་བརྙན་《ཞང་ཞུང་།》ཞེས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་། ཕབ་སྐྲུན་འགོ་རྩོམ་པའི་མཛད་སྒོ་པེ་ཅིང་མེ་ཏི་ཡ་ལྟེ་གནས་སུ་སྤེལ། གློག་བརྙན་འདི་ནི་གནའ་རྫས་རྟོག་ཞིབ་ཀྱི་ཚད་ལྡན་ཡིག་ཆ་དག་ལ་ཁུངས་སྣེ་བཅོལ་ཞིང་། འཚོལ་ཞིབ་ཀྱི་མཐོང་སྣེ་གསར་པ་ལ་བརྟེན་ནས། རྒྱ་ཆེའི་ལྟད་མོ་བ་དག་མཚར་སྡུག་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་གི་ཞིང་ཁམས་ཤིག་ཏུ་འཁྲིད་པར་བྱ་རྒྱུ་རེད།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་ཚེ་རིང་ཐར་གྱིས་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ།

              ཞང་ཞུང་ནི་བོད་ཀྱི་གནས་ཆེན་གངས་དཀར་ཏི་སེའི་བརྒྱུད་དུ་ཆགས་ཡོད་ཅིང་། གནའ་རྫས་རྟོག་ཞིབ་པ་དག་གིས་ས་ངོས་སུ་བུད་པའི་རིག་དངོས་ཞིབ་འཇུག་བྱས་པར་གཞིགས་ན། ཞང་ཞུང་གི་ལོ་རྒྱུས་ཆེས་མ་མཐར་ཡང་ལོ་ངོ་4000ཡན་ལ་ཁུངས་འདེད་ཐུབ་པར་བསྟན་ཡོད། སྤུ་རྒྱུལ་བཙན་པོའི་རྒྱལ་རབས་མ་བྱུང་སྔོན། ཞང་ཞུང་ནི་ཨེ་ཤ་ཡ་དཀྱིལ་མ་དང་མདོ་དབུས་མཐོ་སྒང་གི་ཆེས་སྟོབས་འབྱོར་མངའ་ཐང་དར་བའི་གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། གནས་དེ་ནས་གངས་རིའི་ལྗོངས་ཀྱི་ཆེས་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་གི་མྱུ་གུ་འབུས་ཤིང་འདབ་ལག་རྒྱས་པ་ཡིན་ཏེ། ལོ་རྒྱུས་ཐོག་དེ་ལ་གནའ་བོའི་ཞང་ཞུང་གི་རིག་གནས་ཞེས་འབོད་བཞིན་ཡོད། དེ་ནི་མིའི་རིགས་ལོ་རྒྱུས་ཐོག་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་སྔ་ཤོས་ཤིག་ཡིན་ལ། བོད་ཀྱི་ཤེས་རིག་ཙམ་དུ་མ་ཟད་མིའི་རིགས་ཀྱི་ཤེས་རིག་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་ཡིན་ནོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1