ཀན་སུའུ་ཞིང་ཆེན་གྱི་ས་གནས་མང་པོ་ཞིག་ལ་གློ་བུར་དུ་སེར་བ་བབས་ནས་རླངས་འཁོར་སོགས་ཀྱི་ཤེལ་སྒོའང་བཅག་ཡོད་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


        སྤྱི་ཟླ་6པའི་ཚེས་9ཉིན་གྱི་ཞོགས་པར། ཀན་སུའུ་ཡི་ས་གནས་མང་པོ་ཞིག་ལ་གློ་བུར་དུ་སེར་བ་དྲག་པོ་བབས་ཡོད་པ་རེད། གོང་གི་པར་འདི་ནི་ཕིང་ལའང་གྲོང་ཁྱེར་ལ་སེར་བ་བབས་པའི་རྣམ་པ་རེད།

 

སེར་བ་བབས་ཏེ་རླངས་འཁོར་གྱི་ཤེལ་སྒོ་ཡང་བཅག་ཡོད་པའི་འདྲ་པར།

            སྤྱི་ཟླ་6པའི་ཚེས་9ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་གྱི་ཕིང་ལའང་དང་། ཏེན་ཞི། ཆིན་དབྱང་། ཅིའུ་ཆོན་སོགས་ཁུལ་དང་གྲོང་ཁྱེར་མང་པོ་ཞིག་ལ་སྔ་རྗེས་སུ་གློ་བུར་དུ་སེར་བ་དྲག་པོ་བབས་ཡོད་ཅིང་། ས་གནས་དྲ་གྲོགས་ཚོས་སེར་བ་བབས་པའི་འདྲ་པར་མང་པོ་ཞིག་དྲ་ལམ་དུ་བསྐུར་ཡོད་དེ། གྲོང་ཁྱེར་གྱི་སྲང་ལམ་དང་སྤང་ལྗོངས་སོགས་སུ་སྲ་ཞིང་ཆེ་བའི་སེར་བས་གཡོགས་པར་བྱས་འདུག སེར་རྡོག་འགའ་རེ་སྒོ་ངའི་ཆེ་ཆུང་ལྟ་བུ་ཡོད་ཅིང་རླངས་འཁོར་སོགས་ཀྱི་ཤེལ་སྒོར་ཡང་ཁུང་བརྟོལ་ཡོད་པ་རེད། 

           ཉིན་དེའི་ཕྱི་དྲོ་ནས་དགོང་མོའི་བར། ཀན་སུའུ་ཞིང་ཆེན་གྱི་ས་ཁོངས་ཕིང་ལའང་དང་། ཏེན་ཞི། ཐེན་ཧྲིའུ། ཅིའུ་ཆོན་སོགས་ས་གནས་གནམ་གཤིས་སྡེ་ཁག་གིས་སེར་བ་འབབ་པའི་སྔོན་བརྡ་བཏང་ཡོད་པ་རེད། ས་གནས་ཁ་ཤས་སུ་སེར་བ་བབས་ཡོད་ཅིང་། འགའ་ཤས་སུ་ད་རུང་སེར་བ་བབས་མེད་པ་རེད། གང་ལྟར་མང་ཚོགས་ཀྱིས་སེར་བའི་གནོད་སྐྱོན་ལ་བྱོལ་གང་ཐུབ་བྱེད་བཞིན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1