བོད་ལྗོངས་ཀྱི་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཕན་འབྲས་མངོན་གསལ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


 འདི་ནི་ཟླ་བ་6པའི་ཚེས་5ཉིན་པར་དུ་བླངས་བའི་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་ར་རེད།

              ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་ངོས་ལས་མཐོ་ཚད་སྨི་3600ལྷག་ཡོད་པ་དང་། སྤྱིའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་12.2ལྷག་ཡོད་དེ། ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་གྱི་11.5%ཟིན། དེ་ནི་འཛམ་གླིང་སྟེང་ཤིན་ཏུ་དཀོན་ཞིང་། རྒྱལ་ནང་དུ་གཞི་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་གྱི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་ལ། འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བ་དང་། གཞི་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་གྱི་རང་བྱུང་འདམ་རའང་ཡིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ལྷ་ཀླུ་འདམ་རར་སྲུང་སྐྱོབ་བྱ་བའི་ནུས་ཤུགས་ཇེ་ཆེར་བཏང་ནས། འདམ་རའི་ནང་ཁུལ་གྱི་སྲོག་ཆགས་དང་སྐྱེ་དངོས་ཀྱི་གྲངས་ཀ་མངོན་གསལ་ངང་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ཆུ་འགོ་དྭངས་ཤིང་གཙང་ལ། རྩྭ་རིགས་རྒྱས་པས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སླར་གསོ་བྱུང་ནས་སྲུང་སྐྱོང་ནུས་ལྡན་ཐོབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1