ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གི་མཇལ་འཕྲད་ལ་དང་ལེན་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-12


འདྲ་པར་འདི་ནི་པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཁ་བཏགས་འབུལ་བཞིན་པའི་ཚུལ་རེད།

             སྤྱི་ཟླ་6པའི་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གི་མཇལ་འཕྲད་དང་ལེན་མཛད། ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏི་ནི་ལ་སློབ་སྦྱོང་ལ་འབད་འབུངས་དང་སྒོམ་སྒྲུབ་ལ་ཧུར་ཐག་བྱས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཐུགས་མཛད་རྒྱུན་འཛིན་བྱེད་དགོས་པ་དང་། སེམས་ཅན་འདྲ་མཉམ་དང་བྱམས་བརྩེ་གཞན་ཕན་གྱི་འདུ་ཤེས་རྒྱུན་འཛིན་མཛད་དེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཉམ་མཐུན་ཡོང་བར་སྐུལ་འདེད་གཏང་དགོས་པར་མ་ཟད། ཧུར་ཐག་གིས་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་ཅིང་དད་ལྡན་དམངས་ཚོགས་ཀྱི་གོང་བཀུར་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་ཚད་མཐོ་བའི་བླ་མ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས་པའི་སྐུལ་མ་མཛད།


            ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་དོ་ཁུར་ཆེན་པོར་བྱེད་བཞིན་ཡོད་ལ། ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་50ལོན་པར་ཏང་ཀྲུང་དབྱང་གིས་འཐུས་ཚབ་ཚོགས་པ་མངགས་ཏེ་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་དང་ལྷན་དུ་དུས་ཆེན་ལ་རྟེན་འབྲེལ་ཞུ་ངེས་ཡིན། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་2020ལོའི་ཚུན་ལ་བོད་ལྗོངས་རིགས་སོ་སོའི་མི་དམངས་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཡོད་ལ། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ངེས་ཞེས་གསུངས།

            པཎ་ཆེན་ཨེར་ཏི་ནི་མཆོག་གིས་ངེས་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མིག་དཔེར་བཟུང་ནས་མེས་རྒྱལ་གཅིག་གྱུར་དང་དམངས་ཕན་བྱ་བར་ཧུར་བརྩོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་ཐུགས་ལ་དམ་པོར་བཅངས་ནས་སློབ་སྦྱོང་ལ་ཧུར་ཐག་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་མཉམ་མཐུན་ཡོང་བར་སྐུལ་འདེད་བྱེད་ངེས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1