རྒྱལ་ཁབ་ཀྱིས་རྔ་བ་ཁུལ་དུ་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཐད་དུ་དམངས་སྒོར་ཁྲི་1640ཡི་མ་དངུལ་བཏང་།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12


དཔྱད་གཞིའི་པར་རིས། 

         ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་2015ལོའི་བོད་ཁུལ་གྱི་ཆེད་དམིགས་རྣམ་གྲངས་མ་འཇོག་འཆར་གཞི་དང་པོ་ཁྱབ་བསྒྲགས་བྱས། རྔ་བ་ཁུལ་གྱི་མཛོད་དགེ་རྫོང་དང་ཛམ་ཐང་རྫོང་། རྔ་བ་རྫོང་། ཁྱུང་མཆུ་རྫོང་། ཆུ་ཆེན་རྫོང་སོགས་སུ་ཉེན་མེད་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཐད་དུ་འཐུང་ཆུ་བདེ་འཇགས་དང་སྒོ་ཕྱུགས་ཀྱི་གཅིག་བསྡུས་བཤས་ར་སོགས་ཀྱི་རྣམ་གྲངས་8འདུས་ཡོད། ཀྲུང་དབྱང་གིས་དམངས་སྒོར་ཁྲི་1640ཡི་མ་དངུལ་བཏང་། མ་འཇོག་དེ་ཉིད་ཀྱིས་མི་དང་སྒོ་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཁག་ཐེག་བྱས་ཡོད་ཅིང་། རྔ་བ་ཁུལ་གྱི་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་འཚོ་བར་ཁག་ཐེག་བྱ་བའི་ཐད་དུ་དོན་སྙིང་གལ་ཆེན་ལྡན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1