གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༡༢ཉིན།

རྩོམ་རིག་དུས་དེབ་ཆེན་མོ་《ཁམས་པའི་རྩོམ་རིག》ཅེས་པའི་དེབ་བཞི་ཅན་པར་བསྐྲུན་འགྲེམ་སྤེལ་བྱས།

      རྩོམ་རིག་དུས་དེབ་ཆེན་མོ་《ཁམས་པའི་རྩོམ་རིགཔར་བསྐྲུན་འགྲེམ་སྤེལ་བྱས།

             ཉེ་ལམ། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཡུལ་ཤུལ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་སྒྲིག་གནང་བའི་ཁམས་པའི་ས་ཁུལ་གྱི་ཁུལ་གསུམ་དང་ས་ཁུལ་གཅིག་གི་རྩོམ་རིག་དུས་དེབ་ཆེན་མོ་《ཁམས་པའི་རྩོམ་རིག》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། འདིར་བསྡོམས་པས་དེབ་བཞི་ཡོད་པ་དང་། གཙོ་ཆེར་སི་ཁྲོན་གྱི་དཀར་མཛེས་ཁུལ་དང་། མཚོ་སྔོན་གྱི་ཡུལ་ཤུལ་ཁུལ། ཡུན་ནན་གྱི་བདེ་ཆེན་ཁུལ། བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་བཅས་ཀྱི་རྩོམ་རིག་གྲུབ་འབྲས་ངོམ་པ་ཡིན་ལ། ས་ཁུལ་སོ་སོའི་པོ་ཏི་རྣམ་པའི་རྩོམ་རིག་འཕེལ་རྒྱས་ཀྱི་གནམ་ས་གསར་བ་ཞིག་ཡིན།
            དཀར་མཛེས་ཀྱི་དེབ་ལ་བརྩམས་སྒྲུང་4དང་། བསྒྱུར་རྩོམ་བརྩམས་ཆོས་4། ལྷུག་རྩོམ་7། རྩོམ་རིག་རང་གླེང་2། ཁམས་པའི་སྙན་ངག་པ་12ཀྱི་བརྩམས་ཆོས་འདུས་པ་དང་། བདེ་ཆེན་གྱི་དེབ་ལ་བརྩམས་སྒྲུང་8དང་། བསྒྱུར་རྩོམ་བརྩམས་ཆོས་4། ལྷུག་རྩོམ་9། རྩོམ་རིག་རང་གླེང་2། ཁམས་པའི་སྙན་ངག་པ་6གི་བརྩམས་ཆོས། ཡུལ་ཤུལ་གྱི་དེབ་ལ་བརྩམས་སྒྲུང་4དང་། བསྒྱུར་རྩོམ་བརྩམས་ཆོས་4། ལྷུག་རྩོམ་7། རྩོམ་རིག་རང་གླེང་2། ཁམས་པའི་སྙན་ངག་པ་12ཀྱི་བརྩམས་ཆོས། ཆབ་མདོའི་དེབ་ལ་བརྩམས་སྒྲུང་2དང་། ལྷུག་རྩོམ་3། རྩོམ་རིག་རང་གླེང་2། ཁམས་པའི་སྙན་ངག་པ་1གི་བརྩམས་ཆོས་བཅས་འདུས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1