ཕུའུ་ཅིང་ཝ་ཐི་ཁན་དུ་རྒྱལ་དོན་འཚམས་འདྲིར་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-12


སྤྱི་ཟླ་6པའི་ཚེས་10ཉིན། ཕུའུ་ཅིང་ཝ་ཐི་ཁན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་ཤིང་། ཕུའུ་ཅིང་དང་ཨི་ཐ་ལིའི་སྲིད་འཛིན། རོ་མའི་ཆོས་ཡབ་ཧྥང་ཆི་ཀི་བཅས་མཇལ་འཕྲད་གནང་ཡོད་པ་རེད།

          སྤྱི་ཟླ་6པའི་ཚེས་11ཉིན། ཧྥ་རན་སིའི་རྒྱལ་སྤྱིའི་རྒྱང་སྒྲོགས་བརྙན་འཕྲིན་ཁང་ནས་གནས་ཚུལ་འབྱོར་གསལ། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ཝ་ཐི་ཁན་དུ་རོ་མའི་ཆོས་ཡབ་ཧྥང་ཆི་ཀི་དང་མཇལ་འཕྲད་གནང་ཡོད་ཅིང་། ཧྥང་ཆི་ཀི་ལགས་ཀྱིས་ཕུའུ་ཅིང་ལ་ཡུག་རེན་གྱི་གནད་དོན་ཞི་བདེ་ངང་ཐག་གཅོད་གནང་རྒྱུའི་ཐད་དུ་རེ་སྐུལ་ཞུས་ཡོད་པ་རེད།

          འདི་ནི་ལོ་ངོ་གཉིས་མ་ལོན་པར་ཕྱོགས་གཉིས་ཀའི་མཇལ་འཕྲད་གནང་ཐེངས་གཉིས་པ་དེ་ཡིན་པ་རེད། ཝ་ཐི་ཁན་གྱི་ས་གནས་གསར་འགྱུར་དུ་གནས་ཚུལ་སྤེལ་དོན། ཐེངས་འདིའི་སྐར་མ་50ལྷག་རིང་གི་གྲོས་ཚོགས་སུ། ཧྥང་ཆི་ཀི་ལགས་ཀྱིས་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཡུག་རེན་དུ་ཞི་བདེ་མངོན་འགྱུར་ཡོང་བའི་ཐད་ཕན་འབྲས་ལྡན་པའི་ཐག་གཅོད་བྱ་དགོས་པའི་རེ་བ་ཞུས་ཡོད་པར་མ་ཟད། ཡུག་རེན་གྱི་དམངས་ཁྲོད་དྲག་ཆས་རུ་ཁག་དང་ཡུག་རེན་ས་གནས་མི་དམངས་ཁག་གིས་ཧྥང་ཆི་ཀི་ཡི་གྲོས་མོལ་ལ་བརྩི་སྲུང་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1