《ཐུ་བྷོད་སྲིད་སྐྱོང་ལོ་རྒྱུས་མེ་ལོང་ཡིག་རྙིང་བོད་འགྱུར་མ།》ཞེས་པའི་དེབ་པར་དུ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-15


 

《ཐུ་བྷོད་སྲིད་སྐྱོང་ལོ་རྒྱུས་མེ་ལོང་།》ཞེས་པའི་རྒྱབ་ཤོག

            ནུབ་བྱང་མི་རིགས་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མ་མགོན་པོ་སྐྱིད་དང་། ཀན་ལྷོ་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིག་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་སྦིས་ཀླུ་རྒྱལ་དོན་གྲུབ་གཉིས་ཀྱིས་2013ལོ་ནས་བཟུང་《ཐུ་བྷོད་སྲིད་སྐྱོང་ལོ་རྒྱུས་མེ་ལོང་།》བོད་ཡིག་ཏུ་བསྒྱུར་བའི་ལས་ཀ་མ་སྐུལ་དང་བླངས་ཀྱིས་སོ་སོའི་ཁོམ་ལོང་གི་དུས་ཚོད་སྐབས་སུ་འབད་པ་ཧུར་ཐག་གིས་ཐུ་བྷོད་སྲིད་སྐྱོང་ལོ་རྒྱུས་ཀྱི་དྲན་ཐོ་རེ་རེ་ཀ་ཁའི་ཕྲེང་བར་བརྒྱུས་པ་སྟེ། ད་ལོའི་དབྱར་ཟླ་6པར་《ཐུ་བྷོད་སྲིད་སྐྱོང་ལོ་རྒྱུས་མེ་ལོང་ཡིག་རྙིང་བོད་འགྱུར་མ།》ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་སྐྲུན་སྒོས་རྒྱ་ཆེའི་ཀློག་པ་པོའི་མིག་སྔར་བཀྲམས་འདུག འདི་ནི་རང་ཅག་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཁ་གསབ་རང་བཞིན་ཆེས་ཆེར་ལྡན་ཞིང་། སྒོས་སུ་བོད་ཀྱི་སྲིད་སྐྱོང་ལོ་རྒྱུས་ཞིབ་བསྡུར་ལ་དཔྱད་གཞིའི་རིན་ཐང་ཆེ་བར་མ་ཟད། ཐུ་བྷོད་སྲིད་སྐྱོང་གི་ལོ་རྒྱུས་གསང་བ་འཚོལ་བའི་ལམ་ཐིག་ཅིག་ཏུ་འཁུམས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1