རྔ་བ་ཁུལ་གྱིས་རྨེ་རུ་མ་ཡུལ་ཤོག་ཏུ་རྒུད་སྐྱོབ་ལས་ཀ་ཧུར་ཐག་གིས་སྤེལ།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 06-16


གནོད་ཐེབས་ཟམ་པ།

           ཉེ་ཆར། དྲག་ཆར་བབས་པའི་རྐྱེན་གྱིས་རྔ་བ་ཁུལ་གྱི་རྨེ་རུ་མ་ཡུལ་ཤོག་གི་འབྲོག་སའི་ཟམ་པ་དང་ལམ་ཁ ཆུ་རྐ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཅིང་། ཁྱོན་བསྡོམས་ཁྱིམ་ཚང་200ལྷག་དང་ཞིང་འབྲོག་མི་གྲངས་500ལྷག་གི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་འདུག དེ་དག་གི་ཁྲོད་དུ་ཟམ་པ་3ཆུས་འཁྱེར་བ་དང་། སྨི་2000ལྷག་གི་ཆུ་རྐ་ཞིག་གསོ་བྱ་དགོས་པ། དེ་མིན་ད་རུང་སྤྱི་ལེ་8ཀྱི་འབྲོག་པའི་བགྲོད་ལམ་ལ་གནོད་སྐྱོན་ཐེབས་ཡོད། འབྲོག་པའི་གནོད་ཐེབས་ཁུལ་གྱི་གནས་ཚུལ་ལ་གཞིགས་ནས། རྔ་བ་ཁུལ་གྱི་འགོ་ཁྲིད་དག་རྨེ་རུ་མ་ཡུལ་ཤོག་གི་གནོད་ཐེབས་ཡུལ་དངོས་སུ་ཕེབས་ནས། གནོད་ཐེབས་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད། རྒུད་སྐྱོབ་ཀྱི་ཐོག་མའི་ཐག་གཅོད་བྱེད་ཕྱོགས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཡོད་པ་དང་། རྒུད་སྐྱོབ་ལས་ཀར་སྐུལ་འདེད་བྱས་ཡོད། མིག་སྔར། ཕྱོགས་ཡོངས་ནས་གནོད་ཐེབས་ཁུལ་དུ་རྒུད་སྐྱོབ་ལས་ཀ་བདེ་བླག་ངང་སྤེལ་བཞིན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1