ཐེངས་བཅུ་པའི་རིག་གནས་ཤུལ་བཞག་ཉིན་མོར་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ཆེད་མངགས་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17


 

འཁྲབ་སྟོན་ཡུལ་དངོས།

         ཐེངས་བཅུ་པའི་རིག་གནས་ཤུལ་བཞག་ཉིན་མོར་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ཆེད་མངགས་འཁྲབ་སྟོན་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་གླུ་གར་ཁང་དུ་འཁྲབ་སྟོན་བྱས་ཤིང་། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་ས་ཁུལ། གཞིས་ཀ་རྩེ་གྲོང་ཁྱེར། ནག་ཆུ་ས་ཁུལ། མངའ་རིས་ས་ཁུལ་སོགས་ནས་ཕེབས་པའི་མང་ཚོགས་སྒྱུ་རྩལ་ཁང་དང་དམངས་ཁྲོད་རིག་རྩལ་ཚོགས་པ་ལ་སོགས་པའི་སྡེ་ཚན་གྱིས་རྒྱ་ཆེའི་གཟིགས་མོ་བ་ཚོར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་ཚན་11འཁྲབ་སྟོན་བྱས། འཁྲབ་ཚན་ཁྲོད་ལྷ་མོ་དང་། གེ་སར་རྒྱལ་པོའི་སྒྲུང་བཤད་པ། ལྷ་སའི་སྟོད་གཞས་སོགས་ཡོད་པས། གཟིགས་མོ་བ་ཚོའི་བསྔགས་བརྗོད་ཚད་མེད་ཐོབ་པ་རེད། ཁྲེང་ཝེ་ཀའོ་ཡིས་པར་བླངས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1