མགོ་ལོག་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་དང་ཨེ་ཙིའི་ནད་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


ཁོར་ཡུག་སྲུང་སྐྱོབ་དང་ཨེ་ཙིའི་ནད་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པ།

དྲིལ་སྒྲོག་བྱེད་བཞིན་པའི་ཡུལ་དངོས།

     ཉེ་ལམ། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་འདིར་རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་། མགོ་ལོག་ཁུལ་ཁོར་སྲུང་དང་ཆུ་བེད་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཁོར་སྲུང་སློབ་གསོའི་ཤེས་བྱ་དང་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་གྱི་གེ་སར་ཐང་ཆེན་ནས་སྤེལ་བ།

  རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་ནི། སྤྱི་ལོ་2005ལོར་གསར་འཛུགས་བྱས་ཤིང་2008ལོར་སྲིད་གཞུང་གིས་དངོས་སུ་ཆོག་མཆན་ཐོབ་པ་ཡིན་ལ་ད་ལྟའི་བར་ལོ་བཅུ་ལྷག་འགོར་ཡོད་ལ། ལོ་དེ་དག་གི་རིང་ལ་ཚོགས་པ་འདིས་གཙོ་བོ་མདོ་དབུས་མདོ་སྒང་གི་སྐྱེ་ཁམས་ཉམས་ཉེས་སུ་འགྲོ་དང་འགྲོ་མུས་སུ་ཡོད་པའི་གནས་ཚུལ་ལ་དམིགས་ཏེ། བྱ་འགུལ་རབས་དང་རིམ་པ་སྤེལ་བས་ས་གནས་མང་ཚོགས་ཀྱི་ཁོར་སྲུང་བསམ་བློའི་འདུ་ཤེས་མཐོར་འདེགས་སུ་གཏོང་བར་ནུས་པ་ཆེན་པོ་ཐོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1