ལི་ཁེ་ཆང་གིས་རང་རྒྱལ་གྱི་མི་གྲངས་དུང་ཕྱུར་གཅིག་ལྷག་སྤྱིལ་ཁྱིམ་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་པས་སྤྱི་ཚོགས་འདྲ་མཉམ་ཇི་ལྟར་གླེང་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-23


         ཙུང་ལི་ལི་ཁེ་ཆང་གིས་མི་རྩ་བར་འཛིན་པའི་རྣམ་པ་གསར་བའི་གྲོང་རྡལ་དུ་བསྒྱུར་བར་སྐུལ་འདེད་བྱས་ནས་མི་གྲངས་དུང་ཕྱུར་གཅིག་ཅན་གསུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་ན།  སྤྱིལ་ཁྱིམ་ཁུལ་བཅོས་སྐྱོང་བྱེད་པ་ནི་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡིན་པར་ནན་གྱིས་བསྟན།

        ཉེ་ཆར། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སུ་ལོ་འདི་འགར་ངས་རྒྱལ་ནང་གི་ཡུལ་ཕྱོགས་སོ་སོར་རྟོག་ཞིབ་བྱེད་སྐབས།  ས་ཁུལ་ཁ་ཤས་ཀྱི་སྤྱིལ་ཁྱིམ་ཁུལ་གཅིག་ཏུ་མི་ཁྲི་བཅུ་ཕྲག་ལྷག་འདུས་སྡོད་བྱས་ཡོད་པ་དང་། རྣམ་པ་དེར་བལྟ་སྲོལ་ཞིག་མི་འདུག གྲོང་ཁྱེར་གཅིག་ཡིན་ཡང་འདི་གར་ཁང་བརྩེགས་མཐོན་པོ་གནམ་ལ་ཟུག་ཡོད་པ་དང་ཕ་གིར་སྤྱིལ་ཁྱིམ་ཁུལ་གྱིས་ཁེངས་ཡོད་པ་རེད།  སྤྱིལ་ཁྱིམ་ཁུལ་མང་ཆེ་བར་མ་མཐའི་འཚོ་བའི་སྒྲིག་ཆས་ཙམ་ཡང་ཚང་མི་འདུག་ཅེས་གསུངས།

          ཙུང་ལི་མཆོག་གིས་སྤྱིལ་ཁྱིམ་ཁུལ་གྱི་བཅོས་སྐྱོང་གི་ཕྱོགས་སུ་དཔལ་འབྱོར་ཕན་ཁེ་གང་ཡོད་ཀྱི་མ་རྩའི་རྩིས་དང་སྤྱི་ཚོགས་འདྲ་མཉམ་ཐད་ཀྱི་ཆབ་སྲིད་མ་རྩའི་རྩིས་གཉིས་སྡོམ་གྱི་མ་དངུལ་གཏོང་དགོས་ཞེས་དང་། ཀྲུང་གོར་མི་གྲངས་དུང་ཕྱུར་གཅིག་ལྷག་གིས་ད་རུང་སྤྱིལ་ཁྱིམ་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་པས།   སྤྱིལ་ཁྱིམ་ཁུལ་གྱི་གནད་དོན་འདི་ཐག་གིས་མ་ཆོད་ན།  ང་ཚོས་སྤྱི་ཚོགས་འདྲ་མཉམ་ཟེར་བ་གླེང་ཐབས་མི་འདུག་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1