རྒྱ་གར་ཙུང་ལི་མའོ་ཏིས་མི་སྟོང་ཕྲག་ལྷག་ལ་མགོ་འཛིན་མཛད་དེ་ཡོ་ག་འཁྲབ་སྟེ་ཅི་ཉི་སིའི་ཟིན་ཐོ་གསར་པ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-24


     འཛམ་གླིང་སྐབས་དོན་སྣ་འཛོམས་ཚགས་པར་ལས་བསྟན་དོན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཚེས་21ཉིན། ཞིན་ཏི་ལིའུ་གོང་མའི་སྲང་ཆེན་ནས་མི་ཁྲི་3.7དང་མཉམ་དུ་ཡོ་ག་སྦྱངས་པར་གསར་ལམ་ཁག་ནས་མཉམ་འཇོག་ཆེན་པོ་བྱས་པ་རེད།  ཡིན་ནའང་རྒྱ་གར་གྱི་གསར་འགྱུར་འདིས་ཀྲུང་གོ་དང་འབྲེལ་བའི་གླེང་གཞི་གཞན་ཞིག་གི་མགོ་བརྩམས་པ་རེད།


     རྒྱ་གར་སྐབས་དོན་ཚགས་པར་གྱིས་ཚེས་22ཉིན་བསྟན་དོན། ཙུང་ལི་མའོ་ཏི་དང་མཉམ་དུ་ཡོ་གའི་བྱ་འགུལ་ཁྲོད་ཞུགས་པའི་མི་གྲངས་ཁྲི་3.7ལ་ཆ་མཚོན་ན་ཁོ་ཚོར་ཆེས་རིན་ཐང་ཡོད་པའི་ལེགས་སྐྱེས་ཆེན་པོ་ཞིག་སྟེ་རྒྱལ་སྤྱིའི་ཡོ་གའི་དུས་ཆེན་གྱི་མཚོན་རྟགས་ཡོད་པའི་ཡོ་གའི་གདན་ཞིག་ཐོབ་པ་རེད། ཡིན་ཡང་འབྲེལ་ཡོད་འཕྲིན་སྦྱོར་ལས་བསྟན་པ་ལྟར་ན། མི་རེར་ལེགས་སྐྱེས་སུ་གནང་པའི་ཡོ་གའི་གདན་ལས་མང་ཆེ་བ་ཀྲུང་གོའི་བཟོས་པ་ཡིན་འདུག རྒྱ་གར་གྱི་གོ་ཏ་ཏང་ཤོག་གིས་གོ་སྐབས་འདི་ལ་བརྟེན་ཏེ་མའོ་ཏི་སྲིད་གཞུང་ལ། ཡོ་གའི་གདན་ཀྲུང་གོ་ནས་མི་ཉོ་ཐབས་མེད་ཡིན་པས་རྒྱ་གར་གྱིས་བཟོ་བསྐྲུན་བྱས་ཞེས་གླེང་དོན་ཅི་ཡིན། ཞེས་དོགས་འདྲི་བྱས་པ་རེད། རྒྱ་གར་གྱི་ཡ་གླིང་གསར་འགྱུར་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་གའི་གདན་ནང་འདྲེན་བྱེད་མཁན་དག་གིས་ཀྱང་ཡོ་གའི་གདན་འདི་དག་གི་ཡོང་ཁུངས་གསལ་པོ་མི་ཤེས་ཞེས་བསྟན། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1