༄༅། །ཞར་བཀོད་ཁ་ཤས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-24


ལྷ་ས་དང་ཨ་མ།

ལྷ་སར་ཐེངས་གཅིག་མཇལ་རྗེས

གཞི་ནས་ཨ་མའི་སེམས་པ་བདེ་ལ་བབས་སོང

ཁོ་མོས      

ཐུགས་ལྷོད་ལྷོད་ཀྱིས

ད་ནི་ཤི་སོང་རུང་འགྱོད་པ་མེད་ཅེས་བསྙད་བྱུང             

ལྷ་ས་དང་ཁོ་བོ།

ལོ་འདི་འགར

ཨ་མའི་དད་སྟོབས་ཀྱི་གཟི་དཔལ་ཁྲོད

ངས་སེམས་ཀྱི་ལྷ་ས་ཡང་ཡང་དྲན་གྱིན་ཡོད                          

2015ལོའི་ཟླ6ཚེས3ཉིན།                       


ད་ལྟ།

ཁ་བ་མར་མར་འབབ་པའི་མཚན་གཞུང་དེར

མི་ཚོགས་ཀྱི་རུས་པ་འཁྱག་ལ་འབྱར་ཟིན་པས

སྟོད་ཀྱི་ཉི་མ་ལྷ་སར་འཐེན་པའི་གཙང་ངོགས་སུ

འཁྲེང་ཞེན་གྱི་ཟམ་པ་འཛུགས་མཁན་ཅི་ཙམ་ལྷག་ཡོད                         

2015ལོའི་ཟླ6ཚེས9ཉིན།                    


མཆུ་སྒྲོས།

ལྷོད་གཤིས་ཆགས་པའི་མཆུ་སྒྲོས་ཀྱིས

བདག་གི་དབང་ལྔའིརྩ་ལམ་རེ་རེ་སྦྲིད་པར་བྱས་རྗེས

བདག་གི་འཇིག་རྟེན་ལ

མུན་པ་ཁམ་གང་གི་ཡོལ་བ་འཐེན་སོང

མེ་ཏོག་ཁྲི་ཡི་མཚོ་མོ་སྐྱིལ་སོང                                        

2015/6/17/           

  

 ཁེར་རྐྱང་དང་ཐ་མག

སྣང་བའི་དབྱིངས་སུ་རྣམ་རྟོག་གི་མུན་པ་འཐིབ་པའི་སྐབས་འདིར

འབར་ཞུན་རྐང་གཅིག་ཚག་སྒྲ་དང་བཅས་དམར་གསོད་བཏང་རྗེས

མཛུབ་བར་དུ་འཆིང་བའི་ཐ་མག་གི་མཆུ་སྒྲོས་ལ་འོ་ཡང་ཡང་བྱས་ན

ཐག་རིང་ཐག་རིང་གི་བྱ་ཁྱུ་དཀར་བོ་སྤྲིན་པ་ལྷོ་བགྲོད་ཞིག་ལྟར

སེམས་ཀྱི་རྣང་ཞིང་དུ་ཡང་ཡང་ལྡིང་སྐོར་བརྒྱབས་ཤིང

ར་རོ་བའི་སྐྱོ་གདུང་གི་རི་སྒང་ལ་བཙུགས་པའི་དར་ལྕོག

འཇིག་རྟེན་ལ་གཙང་ཕྱགས་ཤིག་གི་ཟོལ་གྱིས་རྣམ་རྟོག་གི་ཁམས་ཆེན་མོ

ཚོད་ཚོད་ལ་དཀར་ཞིང་དྭངས་པར་བསྒྱུར་བར་འབད་པའོ།།                        

 2015ལོའི་ཟླ4བའི་ཚེས23ཉིན།      


འཁོར་བ་སྙིང་མེད་ཀྱི་མིག་ཟུང་གཡར་བ།

ཉི་མ་ནི་པིར་མཁན་གྱིས་བྲིས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་སྟེ

འོད་སྟོང་ཅན་དང་གདུང་བའི་འོད་འབྱིན་སོགས་དོན་གྱིས་སྟོང་མོད

གྲོག་མ་དག་དབུགས་ཧལ་ཧལ་དང་རྔུལ་ཆུ་ཁྲུམ་ཁྲུམ་གྱིས

ཉི་མའི་ཕྱོགས་སུ་ཕ་བོང་ཞིག་དྲུད་ནས་བཞུད་ཀྱིན་འདུག                

 2015/6/23/ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1