སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་བོད་ཁུལ་དུ་དུག་འཇོམས་དུས་ཆེན་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-25


དུས་ཆེན་གཏོང་བཞིན་པའི་ཡུལ་དངོས།

དུས་ཆེན་གཏོང་བཞིན་པའི་ཡུལ་དངོས།


             སྤྱི་ཟླ་6པའི་ཚེས་20ཉིན་ནི་ལུགས་རྙིང་གི་ཟླ་ལྔ་པའི་ཚེས་ལྔ་ཉིན་ཡིན་པ་དང་། སི་ཁྲིན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཆོས་རྗེ་ཡུལ་ཚོའི་ཀླུང་བ་གྲོང་ཚོ་རུ་བོད་རིགས་སྲོལ་རྒྱུན་དུག་འཇོམས་དུས་ཆེན་གཏོང་ཡོད་ཅིང་། དུས་ཆེན་གྱི་ཉིན་དེར་ཀླུང་བ་གྲོང་ཚོའི་རྒན་དར་གཞོན་གསུམ་ཚང་མས་ལུས་ལ་གཟབ་ཆས་སྤྲས་ཏེ་ལྷ་བསང་གཏོང་བ་དང་། ཆོས་འདོན་པ་སོགས་ཀྱི་ཆོ་ག་སྤེལ་ནས་གྲོང་ཚོ་ཡོངས་ཀྱི་མི་རྣམས་ལ་ནད་མེད་ཚེ་རིང་དང་ལོ་ཕྱུགས་ལེགས་ཤིང་། རྒན་བཀུར་གཞོན་གཅེས། མཐུན་སྒྲིལ་རོགས་རེས་བཅས་ཡོང་བའི་སྨོན་ལམ་བཏབས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1