གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༢༥ཉིན།

ཡུལ་ཤུལ་ཁུལ་རིག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་བཀལ།

            སྤྱི་ཟླ6པའི་ཚེས21ཉིན། ཡུལ་ཤུལ་ཁུལ་རིག་རྩལ་གསར་གཏོད་ལྟེ་གནས་དེ་ཁྲི་འདུརྫོང་ཞེའུ་གྲོང་རྡལ་གྲུ་བའི་མདའ་སྡེ་བར་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཁྲི་འདུ་རྫོང་ཨུ། ཡུལ་ཤུལ་ཁུལ་ཡུལ་སྐོར་ཅུས། ཡུལ་ཤུལ་གྲོང་ཁྱེར་དང་ཡུལ་ཤུལ་ཁུལ་རྩོམ་པ་པོའི་མཐུན་ཚོགས།  རོལ་མོ་བའི་མཐུན་ཚོགས། གེ་སར་ཞིབ་འཇུག་མཐུན་ཚོགས། ཡིག་གཟུགས་པའི་མཐུན་ཚོགས། པར་ལེན་པའི་མཐུན་ཚོགས། བྲོ་གར་བའི་མཐུན་ཚོགས་སོགས་བསྡོམས་པས་མི་40དང་གྲུ་བའི་མདའ་སྡེ་བའི་མང་ཚོགས་ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
       ཡུལ་ཤུལ་ཁུལ་རིག་རྩལ་གསར་གཏོད་ལྟེ་གནས་ནི་གྲུ་བའི་མདའ་སྡེ་བ་ནི་གནས་གཞི་རུ་བྱས་ཏེ་གནའ་བོའི་རུ་སྡེ་སྲུང་སྐྱོབ་བྱེད་པའི་ཐབས་ཇུས་ཤིག་ཡིན་པར་མ་ཟད། སྒོས་སུ་གྲུ་བའི་མདའི་རང་བྱུང་མཛེས་རྣམ་དང་ལོ་རྒྱུས་དམངས་སྲོལ་རིག་གནས་ལ་བསམ་པ་ཡིན། གནས་འདིར་ལྟེ་གནས་འདི་བཙུགས་པ་ལས་རིག་རྩལ་ལས་སྒྲུབ་པས་ས་གནས་ཀྱི་མི་རིགས་རིག་གནས་མྱོང་སྣང་བྱེད་པ་དང་རིག་རྩལ་གསར་གཏོད་དང་ཚོར་འདུ་མྱོང་བར་ཆ་རྐྱེན་ལེགས་པོ་བསྐྲུན། དེ་མིན་རིག་རྩལ་འབྲེལ་འདྲིས་དང་རིག་རྩལ་བགྲོ་གླེང་སོགས་སྤེལ་བར་ཡང་ཁེ་ཕན་གང་ལེགས་བསྐྲུན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1