ཡེ་ཤེས་ཟླ་བ་དང་ཏའེ་ཁྲོན་ཕིང་།ལུའོ་ཡུང་བཅས་ཀྱིས་བཞག་བྲ་ལྷ་རྩེའི་མཛེས་ལྗོངས་ཁུལ་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 06-26



                ཉེ་ཆར། དཀར་མཛེས་ཁུལ་གྱིས་སི་ཁྲོན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པ་དང་སི་ཁྲོན་དཔེ་སྐྲུན་ཚོགས་པའི་བར་རིག་གནས་ཡུལ་སྐོར་དང་ཕྱི་རོལ་ལུས་རྩལ་ཐོན་ཁུངས་ལ་མ་དངུལ་བཏང་ནས། གསར་སྦོལ་བྱ་རྒྱུའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡི་གེ་བཞག་རྗེས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་དང་སི་ཁྲོན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པའི་འགོ་འཛིན་པ་ཏའེ་ཁྲོན་ཕིང་། སི་ཁྲོན་དཔེ་སྐྲུན་ཚོགས་པའི་འགོ་འཛིན་པ་ལུའོ་ཡུང་བཅས་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཕེབས་རོགས་བྱས་འོག་བཞག་བྲ་ལྷ་རྩེའི་མཛེས་ལྗོངས་ཁུལ་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཡེ་ཤེས་ཟླ་བ་རྐང་ཐང་བྱས་ནས་མཛེས་ལྗོངས་ས་ཁུལ་དེར་ཕེབས་ཐེངས་གཉིས་པ་ཡིན་པ་རེད།

              ཡེ་ཤེས་ཟླ་བས་མཚམས་རེར་རྟ་བཞོན་པ་དང་མཚམས་རེར་རྐང་ཐང་འགྲོ་ཞིང་མཛེས་ལྗོངས་ལ་རྟོག་ཞིབ་གནང་ཞོར་མཉམ་འགྲོ་བྱེད་མཁན་དང་། རྫོང་དང་ཤང་གི་ལས་བྱེད་པ་དང་ཁ་བརྡ་ལབ་ནས་མཛེས་ལྗོངས་ས་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན། དྲིལ་བསྒྲགས། རིག་གནས་བཅས་ཀྱི་ལས་ཀ་ཅི་འདྲ་བསྒྲུབ་དགོས་པ་སོགས་ཀྱི་འཆར་འགོད་བཏོན་པ་རེད།སི་ཁྲོན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པ་དང་སི་ཁྲོན་དཔེ་སྐྲུན་ཚོགས་པའི་འགོ་འཛིན་གཙོ་བོ་པ་དང་། འབྲེལ་ཡོད་འགན་ཁུར་མི་སྣས་བཞག་བྲ་ལྷ་རྩེའི་མཛེས་ལྗོངས་ཁུལ་གསར་སྦོལ་བྱ་རྒྱུའི་ཐད་དོ་སྣང་ཆེན་པོ་གནང་ཐོག་མཛེས་ལྗོངས་ཁུལ་ལ་མ་དངུལ་བརྒྱབ་སྟེ་གསར་སྦོལ་བྱ་རྒྱུའི་ཐད་སྔར་ལྷག་གིས་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།ཁུལ་སྲིད་གཞུང་གི་འབྲེལ་བ་བྱེད་མཁན་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ཞིབ་འཇུག་ཁང་། དར་མདོ་གྲོང་ཁྱེར། རྟའུ་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་རྟོག་ཞིབ་ཁྲོད་དུ་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1