༄༅། །བོད་ཀྱི་ཡུལ་སྲོལ་དུས་ཆེན་ཆེ་ཁག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


༄༅། །རྒྱལ་པོ་ལོ་གསར།

ཚེས་གཉིས་ཉིན་རྒྱལ་པོ་ལོ་གསར་ཞེས་གཞུང་གི་དགུང་གསར་མཛད་སྒོ་དངོས་གཞི་ཡིན་པས་དེ་ཉིན་གཞུང་ཞབས་སྐྱ་སེར་རྣམས་ཀྱི་ཐོག་ནང་གཟན་ཡན་རྩེ་ཕོ་བྲང་དུ་མཛད་སྒོར་བཅར་དགོས་པའི་ཁར།   ཡབ་གཞིས་སྐུ་ངོ་རྣམས་ཀྱང་གདན་ཞུ་གནང་གི་ཡོད་པ་དང་།  ལྷ་སྡོད་གོར་ཁའི་སྐུ་ཚབ་དང་འབྲུག་ལོ་ཆག་པ་སོགས་ཀྱང་དགུང་གསར་རྟེན་འབྲེལ་ཞུ་བར་བཅར་སྲོལ་ཡོད་པ་བཅས་མཛད་སྒོ་དང་དབུ་ཚུགས་ཏེ་གསོལ་ཇ་དང་པོ་བསྐྱགས་ཟིན་པ་དང་།  ཡོངས་འཛིན་སྐུ་བགྲེས་ཀྱིས་མཎྡལ་ལ་ལྗགས་བཤད་དང་འབྲེལ་གོང་ས་ཆེན་པོར་མཎྡལ་སྐུ་གསུང་ཐུགས་རྟེན་དང་འབྲེལ་རྣམ་གྲྭ་གསུང་ཞབས་པའི་ཞལ་འདོན་ཚིག་མཚམས་དང་བསྟུན་རྟགས་བརྒྱད།  རྫས་བརྒྱད་རིམ་འབུལ་མཛད།  དེ་ནས་མཛད་བཅར་ཡོངས་རྫོགས་མཇལ་ཁ་ཞུས་རྗེས་གཞུང་གི་དགུང་གསར་ལེགས་འབུལ་སྤྱན་ལམ་དུ་བསྟར་འབུལ་ཞུས་པ་དང་མུ་མཐུད་བཀྲ་ཤིས་ལྷུན་བླ་བྲང་སོགས་བླ་བྲང་ཆེ་ཁག་དང་།  གོར་འབྲུག་སོགས་ཀྱི་དགུང་གསར་ལེགས་འབུལ་རིམ་བཞིན་བསྟར་འབུལ་ཞུས།  དེ་ནས་རྩེ་ཞོད་ཞབས་གསར་བ་བཞིས་གསར་མཇལ་ཞུ་རྒྱུ་བཅས་ཀྱི་བར་སེང་དུ་གསོལ་ཇ།   བཞེས་འབྲས།   གསོལ་བསྐང་ཞེས་གསོལ་ཚིགས་སོགས་རིམ་འབུལ་དང་།   གར་ཕྲུག་པས་གར་འདྲ་མིན་ཁག་གསུམ་དང་།  འབྲས་གླིང་གཞིས་ཁོངས་ནས་གནའ་ལུགས་ཀྱི་གཞས་འཆམ་འཁྲབ་འབུལ་ཞུ་བཅས་མཛད་སྒོ་གཟབ་ཅིང་རྒྱས་པ་གནང་གི་ཡོད་པ་འདིར་མཚོན་པ་ཙམ་ལས།  ཞིབ་ཕྲ་འགོད་ཀྱིས་མིང་ལང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1