ཨ་མེ་རི་ཁས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་དུ་བསྒྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30



          སྤྱི་ཟླ་6པའི་ཚེས་26ཉིན་གྱི་དགོང་མོར། ཨ་རིའི་མཚན་མཐུན་དགའ་རོགས་དག་གིས་དགའ་སྤྲོའི་ངང་ལོ་ཧྲན་ཅིའི་ཧའོ་ལའེ་ཝུའུ་རུ་སྤྲོ་ཚོགས་ལ་རོལ་བཞིན་མཆིས། ཉིན་དེར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ལོ་རྒྱུས་རང་བཞིན་གྱི་ཁྲིམས་གཅོད་ཅིག་བྱས་པ་སྟེ། ཁྲིམས་དཔོན་ཆེན་པོ་9ལས་5:4གྱི་མཇུག་མཐའི་ཐག་གཅོད་ལས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་དུ་བསྒྱུར་བ་རེད། རྗེས་མར་ཨ་མེ་རི་ཁའི་ཁུལ་50ནས་མཚན་མཐུན་དགའ་རོགས་དག་གིས་གཉེན་སྒྲིག་དཔང་ཡིག་ཐོ་འགོད་བྱས་ཆོག་པ་དང་། ཏེ་ཁེ་ས་སི་ཁུལ་གྱི་ཞིབ་དཔྱོད་འགོ་འཛིན་པ་ཕཱ་ཁེ་སི་ཏོན་གྱིས་མཚན་མཐུན་གཉེན་སྒྲིག་དཔང་ཡིག་ཐོ་འགོད་བྱེད་པའི་འགན་འཛིན་པ་དག་ལ་མཚན་མཐུན་གཉེན་སྒྲིག་དེ་གལ་སྲིད་ཆོས་ལུགས་དད་མོས་སོགས་དང་འགལ་ཚེ་མཚན་མཐུན་གཉེན་སྒྲིག་དང་ལེན་མི་བྱ་ཞེས་བསྟན།


       ཨོ་པཱ་མས་ཉིན་དེར་ཕོ་བྲང་དཀར་པོའི་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་དུ་བཏང་བ་དང་འབྲེལ་བའི་གཏམ་བཤད་སྤེལ་བར་མ་ཟད། ཐེངས་འདིའི་ཁྲིམས་གཅོད་ལ་མོས་མཐུན་ཡོད་ཚུལ་བསྟན། ཨོ་པཱ་མས་ཐེངས་འདིའི་ཁྲིམས་གཅོད་འདི་ཨོ་པའོ་གུ་ཧྥེར་སོགས་གྱོད་བདག་པ་དག་གི་རྒྱལ་ཁ་ཡིན་པར་མ་ཟད། མཚན་མཐུན་དགའ་རོགས་ཡོངས་ཀྱི་རྒྱལ་ཁ་དང་ཨེ་མེ་རི་ཁའི་རྒྱལ་ཁའང་ཡིན་པ་རེད། གལ་སྲིད་ཨ་རིས་དམངས་མི་ཡོངས་ལ་འདྲ་མཉམ་གྱིས་ལྟ་སྟངས་བཟུང་ཚེ། ཨ་རིའི་སྤྱི་ཚོགས་སྔར་ལས་རང་དབང་ལྡན་ངེས་ཞེས་གསུངས།


ཐེངས་འདིའི་ཁྲིམས་གཅོད་བརྒྱུད་ཨ་རི་འཛམ་གླིང་གི་རྒྱལ་ཡོངས་ཁྱབ་ཁོངས་ནས་མཚན་མཐུན་གཉེན་སྒྲིག་བྱས་ཆོག་པའི་རྒྱལ་ཁབ་21པར་གྱུར་བ་རེད། འབྲེལ་ཡོད་གསར་ལམ་ཁག་ལས་རྒྱུས་ལོན་བྱས་པ་ལྟར་ན།  མིག་སྔར་ཨ་རིའི་རྒྱལ་ཡོངས་སུ་མཚན་མཐུན་དགའ་རོགས་ཁྲི་100ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1