ཞི་ཅིན་ཕིང་གིས་《ཨེ་ཤ་ཡ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་གི་ཆོད་ཡིག》ལ་མིང་རྟགས་བཀོད་པ་དེས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གོམ་སྟབས་ཤིག་སྤོས་ཡོད་ཅེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


           སྤྱི་ཟླ་6པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཁབ་ཁག་གི་འཐུས་ཚབ་ཚོགས་པས་《ཨེ་ཤ་ཡ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་གི་ཆོད་ཡིག》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཤིང་། ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོའི་སྲིད་གཞུང་གི་ཚབ་མཛད་ནས་ཐེངས་འདིའི་《ཨེ་ཤ་ཡ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་གི་ཆོད་ཡིག》ལ་མིང་རྟགས་འགོད་པའི་མཛད་སྒོར་བཀྲ་ཤིས་རྟེན་འབྲེལ་ཞུས།

            ཞི་ཅིན་ཕིང་གིས། ཀྲུང་གོས་ཨེ་ཤ་ཡ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་འཛུགས་པར་ཇུས་འགོད་བྱས་པའི་དམིགས་ཡུལ་ནི། ཨེ་ཤ་ཡ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་འབྲེལ་འདྲིས་བྱ་བར་སྐུལ་འདེད་གཏང་རྒྱུ་དང་། ཁྱབ་ཁོངས་མཉམ་ལས་ཟབ་སྤེལ་གཏང་རྒྱུ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱ་བ་བཅས་ཀྱི་ཆེད་དུ་ཡིན་ལ། གྲོས་གཞི་འདིར་རྒྱལ་ཁབ་མང་པོས་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན་ཞིང་། 《ཨེ་ཤ་ཡ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་གི་ཆོད་ཡིག》ལ་མིང་རྟགས་བཀོད་པ་དེས་ཨེ་ཤ་ཡ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་འཛུགས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གོམ་སྟབས་སྤོས་ཡོད་ཅེས་ནན་གྱིས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1