༄༅། །རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱ་རྒྱུ་ནི་སྤྱི་དམངས་ཀྱི་རྩ་བའི་འོས་འགན་ཡིན་པའི་དོན་ཅི་རེད། 

             ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ངེས་པར་དུ་བརྩི་སྲུང་བྱེད་དགོས།  རྩ་ཁྲིམས་དང་བཅའ་ཁྲིམས་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློ་དང་ཁེ་ཕན་གྱི་གཅིག་བསྡུས་མཚོན་བྱེད་ཡིན་པ་དང་།  མི་དམངས་སྲུང་སྐྱོབ་དང་།  དགྲ་བོར་རྡུང་རྡེག་བྱེད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་སྐུལ་འདེད་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཡིན།  དེར་བརྟེན།  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཟི་བརྗིད་སྲུང་སྐྱོང་བྱེད་པ་ནི་སྤྱི་དམངས་ཚང་མས་རྒྱལ་ཁབ་དང་སྤྱི་ཚོགས་སུ་འགན་ལེན་བྱེད་དགོས་པའི་འགན་ཁུར་མཆོག་ཏུ་གྱུར་པ་ཞིག་ཡིན།  རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚང་མ་ངེས་པར་དུ་རྩད་གཅོད་བྱེད་དགོས།

སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་མཚན་སྙན་དང་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཅི་རེད།

                མེས་རྒྱལ་གྱི་བདེ་འཇགས་མཚན་སྙན་དང་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་ནི་སྤྱི་དམངས་ཀྱི་རྩ་བའི་འོས་འགན་ཞིག་རེད་ལ།  རྒྱལ་གཅེས་རིང་ལུགས་ཀྱི་མ་མཐར་འཛོམ་དགོས་པའི་རེ་འདུན་ཡང་ཡིན།  རྒྱལ་ཁབ་བདེ་འཇགས་ནི་སྤྱི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་།  བདེ་སྡོད་ལས་བརྩོན་གྱི་དགོས་ངེས་ཆ་རྐྱེན་དང་རྒྱལ་ཁབ་ཀྱི་མཚན་སྙན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་གཟི་བརྗིད།  རྒྱལ་ཁབ་ཀྱི་ཁེ་དབང་ནི་ཕྱིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཕྲད་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཚང་མ་བཅས་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་མཚན་སྙན་དང་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ཅིང་།  མེས་རྒྱལ་གྱི་བདེ་འཇགས་མཚན་སྙན་དང་ཁེ་ཕན་བཅས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ཡོད་མི་རུང་།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1