༄༅། །མི་རིགས་མངའ་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཞིག་ཡིན་ཞེས་པའི་དོན་ཅི་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


 《རྩ་ཁྲིམས།ཀྱི་དོན་ཚན་བཞི་པའི་ཚན་པ་གསུམ་པའི་གཏན་འབེབས་ལྟར་ན།  གྲངས་ཉུང་མི་རིགས་སོ་སོ་འདུས་གནས་སུ་མངའ་ཁོངས་རང་སྐྱོང་ལག་བསྟར་བྱེད་ཅིང་།  རང་སྐྱོང་ལས་ཁུངས་བཙུགས་ནས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ་ཡིན།  མི་རིགས་ཁག་གི་རང་སྐྱོང་ས་གནས་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྲལ་ཐབས་མེད་པའི་གྲུབ་ཆ་ཡིན།

   《མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས།》ཀྱི་འགོ་བརྗོད་ཀྱི་གཏན་འབེབས་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་སྐྲུན་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་པའི་རྒྱལ་ཁབ་ཅིག་ཡིན།  མི་རིགས་མངའ་ཁོངས་རང་སྐྱོང་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་བཀོལ་སྤྱོད་བྱས་ནས་རང་རྒྱལ་གྱི་མི་རིགས་གནས་དོན་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཡིན་པ་དང་།  རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཞིག་ཡིན། 

   མི་རིགས་མངའ་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་གི་འདུས་གནས་སུ་མངའ་ཁོངས་རང་སྐྱོང་ལག་བསྟར་བྱེད་ཅིང་།  རང་སྐྱོང་ལས་ཁུངས་བཙུགས་ནས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ་ཡིན།  མི་རིགས་མངའ་ཁོངས་རང་སྐྱོང་ལག་བསྟར་བྱེད་པས།  རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་ནང་ཁུལ་གྱི་བྱ་བ་དོ་དམ་བྱེད་དབང་ལ་བརྩི་བཀུར་དང་འགན་སྲུང་བྱེད་པའི་དགོངས་དོན་མཚོན་པ་དང་།  རྒྱལ་ཁབ་ཀྱིས་མི་རིགས་ཁག་འདྲ་མཉམ་མཐུན་སྒྲིལ་དང་མཉམ་དུ་དར་རྒྱས་ཡོང་བ་ལག་བསྟར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་མཚོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1