དགེ་བཤེས་འཇམ་དབྱངས་རྒྱ་མཚོ་ཚང་གིས་རྒན་གྱའི་བཀྲ་ཤིས་བདེ་འཛོམས་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྩལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01


 

དགེ་བའི་བཤེས་གཉེན་ཨ་ཁུ་འཇམ་དབྱངས་རྒྱ་མཚོ།

          ཞིན་ཧྭ་དྲ་བའི་ཐོག་གནས་ཚུལ་འབྱོར་གསལ། སྤྱི་ཟླ་6པའི་ཚེས་27ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོའི་ཡོངས་འཛིན་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་ཀན་ལྷོའི་རྒན་གྱའི་ཡུལ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བ་རེད།

          ཐེངས་འདིའི་དུས་འཁོར་དབང་མོ་ཆེ་ནི་རྒན་གྱ་ཡུལ་ཤོག་དང་དེའི་མཐའ་འཁོར་གྱི་དད་ལྡན་སེར་སྐྱ་ཡོངས་ཀྱིས་རེ་ཞུ་ཞུས་པ་དང་། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་པ་བརྒྱུད་ནས་དབང་བསྩལ་བ་ཞིག་རེད།

 

རྒན་གྱའི་བཀྲ་ཤིས་བདེ་འཛོམས་ཐང་།

          དུས་འཁོར་དབང་མོ་ཆེའི་ཉིན་དང་པོར་ཀན་སུའུ་དང་སི་ཁྲོན། མཚོ་སྔོན། བོད་ལྗོངས། ཡུན་ནན་སོགས་ཀྱི་དད་ལྡན་སེར་སྐྱ་དང་ཡུལ་སྐོར་བ་མི་གྲངས་ཁྲི་11སླེབས་ཡོད་པ་དང་། གསར་འགོད་པས་དབང་གནང་སའི་ཡུལ་དངོས་སྟེ་བཀྲ་ཤིས་བདེ་འཛོམས་ཐང་དུ་སྦྲ་གུར་ཁྲི་3ལྷག་མཐོང་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1