འབར་ཁམས་རྫོང་དུ་འདམ་རྡོ་ཆུ་རུད་བྱུང་ནས་འགྲིམ་འགྲུལ་བགྲོད་ལམ་བཀག

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-01


འདམ་རྡོ་ཆུ་རུད་བྱུང་བའི་ཡུལ་དངོས་གནས་ཚུལ།

འདམ་རྡོ་ཆུ་རུད་བྱུང་བའི་ཡུལ་དངོས་གནས་ཚུལ།

          སྤྱི་ཟླ་6པའི་ཚེས་30ཉིན་གྱི་ཞོགས་པར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་དུ་འདམ་རྡོ་ཆུ་རུད་ཀྱི་རང་བྱུང་གནོད་འཚེ་བྱུང་ནས་གནས་དེའི་འགྲིམ་འགྲུལ་བགྲོད་ལམ་བཀག་ཡོད་པ་དང་། ཉེ་འཁོར་གྱི་ཁང་པ་དང་གྱང་སོགས་ལ་གནོད་སྐྱོན་བཟོས་ཡོད་པ་རེད། གནམ་གཤིས་སྔོན་བརྡ་བཏང་བའི་ཕན་འབྲས་སུ་ཐེངས་འདིའི་རང་བྱུང་གནོད་འཚེ་ཡི་ཁྲོད་དུ་ས་གནས་སྡོད་དམངས་ལ་ཤི་རྨས་ཅི་ཡང་བྱུང་མི་འདུག མིག་སྔར་འདམ་རྡོ་ཆུ་རུད་བྱུང་ཡུལ་གཙང་དག་བཟོ་བཞིན་པའི་སྒང་ཡིན་ལ། གནོད་ཐེབས་གནས་ཚུལ་ཞིབ་གསལ་ད་རུང་ཤེས་རྟོགས་བྱུང་མི་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1