2015ལོའི་མདོ་ལ་རི་བོའི་རྩྭ་ཐང་ཡུལ་སྲོལ་རིག་གནས་ལྗོངས་རྒྱུ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01



           སྤྱི་ཟླ་6པའི་ཚེས་29ཉིན་གྱི་སྔ་དྲོའི་དུས་ཚོད་10སྟེང་། 2015ལོའི་ཀྲུང་གོའི་ཆེས་མཛེས་སྡུག་གི་རྩྭ་ཐང་སྟེ་མདོ་ལ་རི་བོའི་རྩྭ་ཐང་ཡུལ་སྲོལ་རིག་གནས་ལྗོངས་རྒྱུ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་བསྡུས། མདོ་ལ་རྫོང་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་མཱ་ཨན་ཡུས་དང་རྫོང་དཔོན་གཞོན་པ་མཱ་ཧྲིན་མིན། རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་མཱ་ཆིན་ཀའོ་བཅས་ཚོགས་འདུར་ཞུགས་ཡོད་པ་དང་། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་འཕྲིན་གསར་ལྟེ་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་གསར་འགྱུར་དྲ་བ་སོགས་སྨྱན་བྱད་ལས་ཁུངས་10ལྷག་ཐེངས་འདིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཞུགས།

            ཚོགས་འདུར་མདོ་ལ་རྫོང་གི་རྫོང་དཔོན་གཞོན་པ་མཱ་ཧྲིན་མིན་གྱིས་འགོ་འཛིན་བྱས་པ་དང་། རྫོང་ཏང་ཨུའི་རྒྱུན་ཨུའམ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མཱ་ཨན་ཡུས་ཀྱིས་མདོ་ལ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་གནས་སྐོར་ལྗོངས་རྒྱུ། ཞབས་ཞུའི་ལས་རིགས་བཅས་ཕྱོགས་སོ་སོ་ནས་གསར་འགོད་པ་རྣམས་ལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། 2015ལོའི་ཀྲུང་གོའི་ཆེས་མཛེས་སྡུག་གི་རྩྭ་ཐང་སྟེ་མདོ་ལ་རི་བོའི་རྩྭ་ཐང་ཡུལ་སྲོལ་རིག་གནས་ལྗོངས་རྒྱུ་དུས་ཆེན་གྱི་བརྗོད་དོན་ནི་མདོ་ལ་ལྷ་ཡི་ཞིང་ཁམས་དང་སྐྱེ་ཁམས་ལྗོངས་རྒྱུའི་གནས་མཆོག་ཡིན་ལ། རིག་གནས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རྩ་དོན་དུ་བཟུང་བ་དང་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་བ་ནས་སྟེགས་བུ་སྐྲུན་པ། མདོ་ལའི་རིག་གནས་དང་གནས་སྐོར་ཐོན་ཁུངས་སྔོག་འདོན་བྱེད་པ་བཅས་ཕྱི་ཕྱོགས་ལ་ལྟ་ན་སྡུག་པའི་རང་བྱུང་གི་མཛེས་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་རིག་གནས་སོགས་འགྲེམ་སྟོན་བྱེད་པའི་དུས་མཚུངས་སུ། མདོ་ལ་རྫོང་གི་མི་རིགས་སོ་སོ་མཐུན་སྒྲིལ་མདུན་སྐྱོད་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་འགྲེམ་སྟོན་བྱེད་རྒྱུ་ཡིན། །

    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1