ཁམས་པའི་བརྙན་འཕྲིན་ཁང་གི་དྲ་བའི་དབྱིན་ཡིག་དྲ་ངོས་དེ་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བལྟ་ཐུབ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 07-02



ཁམས་པའི་བརྙན་འཕྲིན་དྲ་བའི་དབྱིན་ཡིག་པར་མ།

  ཁམས་པའི་བརྙན་འཕྲིན་གྱི་བོད་སྐད་འཕྲིན་སྦྱོར་གྱི་རྒྱལ་སྤྱིའི་སྒྲོག་གཏོང་དྲ་བ་བསྐྲུན་པའི་ཆེད་དུ། ཁམས་པའི་བརྙན་འཕྲིན་ཁང་གི་དྲ་བས་2014ལོའི་པར་རིམ་སྤར་བའི་རྒྱ་ཡིག་དྲ་ངོས་དང་བོད་ཡིག་དྲ་ངོས་སྤེལ་རྗེས། ལོ་ངོ་གཅིག་ལྷག་གི་རིང་གྲ་སྒྲིག་ལེགས་པོ་བྱས་ནས། ད་ལོའི་ཟླ་བ་7པའི་ཚེས་1ཉིན་ནས་དབྱིན་ཡིག་དྲ་ངོས་བལྟ་ཐུབ་པ་བྱུང་ཡོད།

  ཁམས་པའི་བརྙན་འཕྲིན་ཁང་གི་དྲ་བས་བོད་ཀྱི་རིག་གནས་བརྙན་གཟུགས་དང་པར་རིས་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས། དབྱིན་ཡིག་དྲ་ངོས་དེས་བོད་རིག་གནས་བརྙན་གཟུགས་ལ་རྒྱལ་སྤྱིའི་སྒྲོག་གཏོང་སྟེགས་བུ་ཞིག་བསྐྲུན་ནས། བོད་ཀྱི་ཐུན་མིན་རིག་གནས་ལྡན་པའི་མཛེས་སྡུག་གི་བོད་ཁུལ་ཞིག་མངོན་གང་ཐུབ་བྱས་ཡོད།

    ཁམས་པའི་བརྙན་འཕྲིན་དྲ་བའི་དབྱིན་ཡིག་དྲ་ངོས་སུ་བོད་ཁུལ་གསར་འགྱུར་དང་། ཁམས་པའི་བརྙན་འཕྲིན། དངོས་ཟིན་གློག་བརྙན། བོད་ཁུལ་ཟློས་གར། དངོས་མིན་ཤུལ་གཞག་རིག་གནས། བོད་ཁུལ་གྱི་རིག་གནས་དང་ཡུལ་སྐོར། བོད་ཁུལ་པར་ཡིག་ཤན་སྦྱར་བཅས་ཁག་བདུན་དུ་དབྱེ་ཡོད་ཅིང་། ཕྱི་རྒྱལ་གྱི་དྲ་གྲོགས་རྣམས་ཀྱིས་ནང་དོན་ཕུན་སུམ་ཚོགས་པའི་བོད་ཁུལ་གནས་ཚུལ་གསར་པ་ཤེས་ཐུབ་པར་མ་ཟད། ད་དུང་བརྙན་གཟུགས་དང་པར་ཡིག་སྒྲགས་མའི་ཐོག་ནས། བོད་ཁུལ་གྱི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས། ཡིད་དབང་འཕྲོག་པའི་མཛེས་ལྗོངས། བོད་ཁུལ་ས་གནས་ཁག་གི་ཡུལ་སྲོལ་གོམས་གཤིས་བཅས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱ་ཐུབ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1