ཧིན་རྡུ་ཉི་ཞི་ཡའི་དམག་དཔུང་གི་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི་141རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-02


གནམ་གྲུ་ལྷུང་བའི་ཡུལ་དངོས།

              སྤྱི་ཟླ་7པའི་ཚེས་1ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཧིན་རྡུ་ཉི་ཞི་ཡའི་མཁའ་དམག་སྐྱེལ་འདྲེན་གནམ་གྲུ་ཞིག་ཐང་ལ་ལྷུང་སྟེ་མི་141རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་འཚོལ་སྐྱོབ་མི་སྣས་མི་141གི་བེམ་པོ་རྙེད་པ་དང་། དེ་ལས་འདས་པོ་59ཡི་ཐོབ་ཐང་སྨན་ཁང་གིས་ངོས་འཛིན་བྱས་ཤིང་། གཞན་དག་རང་གི་ཁྱིམ་མིས་ངོས་འཛིན་བྱས་འདུག

གནམ་གྲུ་དེ་ནི་ཟླ་5པའི་ཚེས་30ཉིན།  མེན་ནེ་གླིང་ཕྲན་སྟེང་དུ་དངོས་པོ་སྐྱེལ་འདྲེན་བྱེད་སྐབས་བར་སྣང་དུ་འཕུར་བསྐྱོད་བྱས་ཏེ་ཅུང་མ་འགོར་བར་ཐང་ལ་ལྷུང་བ་དང་། ཐང་ལ་ལྷུང་སའི་གནས་ནི་མེན་ལན་ནོ་གྲོང་ཁྱེར་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1