བོད་ལྗོངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-03


           2015ལོའི་ཟླ་7པའི་ཚེས་1ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིན་ཅེ་སོགས་ཚོགས་ཆེན་ལ་ཞུགས་པ་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གསུང་བཤད་གནང་བ་རེད།


         ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ལ་སོགས་པའི་གཞི་རིམ་ཏང་གི་རྩ་འཛུགས་60ལ་སྔོན་ཐོན་གཞི་རིམ་ཏང་གི་རྩ་འཛུགས་ཞེས་པའི་མཚན་སྙན་བསྩལ་བ་དང་། ཏུའུ་ཅིན་སུའོ་ལ་སོགས་པའི་ཏང་དོན་ལས་ཀ་བྱེད་མཁན་78ལ་ཕུལ་དུ་བྱུང་བའི་ཏང་དོན་ལས་ཀ་བྱེད་མཁན་ཞེས་པའི་མཚན་སྙན་བསྩལ་ལ། ཕུན་ཚོགས་དབང་རྒྱལ་ལ་སོགས་པའི་ཏང་ཡོན་160ལ་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ཞེས་པའི་མཚན་སྙན་བསྩལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1