ཞི་ཅིན་ཕིང་གིས་སིང་གྷ་ཕོར་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-06


         སྤྱི་ཟླ་7པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་སིང་གྷ་ཕོར་གྱི་སྲིད་འཛིན་ཁྲིན་ཆིང་ཡན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཤིང་། གོང་གི་འདྲ་པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་སྲིད་འཛིན་ཁྲིན་ཆིང་ཡན་བཟའ་ཟླ་གཉིས་དང་ལྷན་དུ་བསྐྱོན་པའི་མཉམ་པར་རེད།

         རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་བསྡུས་ཤིང་། ཕྱོགས་གཉིས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས་མ་འོངས་པར་འཆར་འགོད་གནང་། ཞི་ཅིན་ཕིང་གིས། མུ་མཐུད་ནས་ཆབ་སྲིད་ཐད་ཀྱི་ཡིད་རྟོན་དང་མཐོ་རིམ་དབུ་ཁྲིད་བར་གྱི་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས། དཔལ་འབྱོར་དངུལ་རྩ་དང་དངུལ་བསྲེས་ཁྱབ་ཁོངས་སུ་མཉམ་འབྲེལ་བཅས་བྱས་ཏེ། ཀྲུང་གོ་དང་སིང་གྷ་ཕོར་གྱི་འབྲེལ་བ་སྔར་མུས་བཞིན་གོང་མཐོར་སྤེལ་རྒྱུ་ཡིན་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1