སུན་ཁྲོན་ལན་བོད་ཁུལ་དུ་རྟོག་ཞིབ་བྱེད་སྐབས་བོད་ཁུལ་འཕེལ་རྒྱས་བརྟན་བརླིང་གི་རྨང་གཞི་སྲ་བརྟན་ཏུ་གཏང་དགོས་པའི་བླང་བྱ་བཏོན།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-13


          སྤྱི་ཟླ་7པའི་ཚེས་9ཉིན་ནས་ཚེས་12ཉིན་གྱི་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲོན་ལན་སྔོན་རྗེས་སུ་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་རྨ་ལྷོ་ཁུལ་དང་ཀན་ལྷོ་ཁུལ། རྔ་བ་ཁུལ་ཏུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འཐབ་ཕྱོགས་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལ་ནན་གྱིས་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱས་ནས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། དུས་ཡུན་རིང་པོར་བོད་ཁུལ་འཛུགས་སྐྱོང་བྱེད་པའི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་བྱེད་ཕྱོགས་དོན་འཁྱོལ་བྱས་ནས། ཚད་མཐོན་པོའི་སྒོས་བོད་ཁུལ་གྱི་འཕེལ་རྒྱས་བརྟན་བརླིང་ལ་སྲི་ཞུ་སྒྲུབ་དགོས་པའི་བླང་བྱ་བཏོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1