སི་ཁྲོན་ཏང་གི་འཛུགས་སྐྲུན་གྱི་ཁྱབ་བསྒྲགས་འགྲེམ་སྤེལ་ལས་ཀའི་ཚོགས་འདུ་དང་ཏང་དེབ་ཚོགས་པའི་འཕྲིན་སྦྱོར་ཀུན་འདུས་ཐོན་རྫས་ཤར་གཏོང་བྱེད་པའི་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-14


མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ།

           སྤྱི་ཟླ་7པའི་ཚེས་14ཉིན། སི་ཁྲོན་ཏང་གི་འཛུགས་སྐྲུན་གྱི་ཁྱབ་བསྒྲགས་འགྲེམ་སྤེལ་ལས་ཀའི་ཚོགས་འདུ་དང་ཏང་དེབ་ཚོགས་པའི་འཕྲིན་སྦྱོར་ཀུན་འདུས་ཐོན་རྫས་ཤར་གཏོང་བྱེད་པའི་མཛད་སྒོ་དེ་ཁྲེན་ཏུའུ་གྲོང་ཁྱེར་ཞིན་ཧྭ་མགྲོན་ཁང་དུ་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་བྱེད་སྒོའི་ཁྲོད་དུ། གཙོ་སྒྲུབ་ལས་ཁུངས་ཡིན་པའི་སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པ་དང་སི་ཁྲོན་ཏང་འཛུགས་དུས་དེབ་ཁང་གཉིས་ཀྱིས་2015ལོའི་ཏང་དེབ་དྲིལ་བསྒྲགས་འགྲེམ་སྤེལ་ལས་ཀའི་ཁྲོད་གྲུབ་འབྲས་འབུར་དུ་ཐོན་པའི་གྲོང་ཁྱེར་རམ་ཁུལ་དང་། རྫོང་ལ་གཟེངས་བསྟོད་བྱ་དགའ་གནང་ཡོད་པ་དང་། སི་ཁྲོན་ཏང་འཛུགས་དང་གངས་ལྗོངས་ཉི་གཞོན། འཚོ་བའི་ལམ་ཡིག སི་ཁྲོན་ལ་ལྟ་བ། བོད་དབྱི་ཆའང་བཅས་ཀྱི་འཕྲིན་སྦྱོར་ཚོགས་པ་ཆེན་པོ་ལྔ་ཡི་འཕྲིན་སྦྱོར་གསར་པའི་ཐོན་རྫས་རིགས་42ལྷག་མཛད་སྒོའི་ཐོག་དངོས་སུ་གཟིགས་འབུལ་གནང་། འདིས་སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།


ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའོ་མིང་རེན་གྱིས་གསུང་བཤད་གནང་བཞིན་པ།

 

དུས་དེབ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཀྲི་དབྱང་གིས་གསུང་བཤད་གནང་བཞིན་པ།

          ཐེངས་འདིའི་བྱེད་སྒོའི་ཁྲོད་དུ། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་ཏང་དེབ་ཚོགས་པའི་རྒྱབ་སྐྱོར་དང་མཛུབ་སྟོན་འོག  《གངས་ལྗོངས་ཉི་གཞོན།》དང་། 《ཁ་བཏགས་དཀར་པོ།》 བོད་རྒྱ་ཤན་སྦྱར་གྱི་《སྒྲོག་འགྲེལ་ངེས་ཀློག》དུས་དེབ། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་དྲ་ཚུགས་དང་། དྲ་ཕྲན། བརྙན་ཕྲན། འཕྲིན་ཕྲན། པོད་ཕྲན། མཁོ་སྤྲོད་འཇུག་སྒོ་བཅས་ཀྱིས་མཚོན་པའི་དུས་དེབ་གསུམ་དང་དྲ་ཚུགས་གཉིས། མཛོད་ཆེན་གཉིས། ཕྲན་འཕྲིན་བརྒྱད་དང་འཇུག་སྒོ་གཉིས་བཅས་ཀྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཐོན་རྫས་གསར་པ་སྐོར་ཞིག་དངོས་སུ་འདོན་སྤེལ་བྱས་ཤིང་། གངས་ལྗོངས་ཉི་གཞོན་དེ་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་སྐད་གཉིས་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཐོག་མ་རུ་གྱུར། །

2015ལོའི་སི་ཁྲོན་ཏང་གི་འཛུགས་སྐྲུན་གྱི་ཁྱབ་བསྒྲགས་འགྲེམ་སྤེལ་ལས་ཀའི་བྱ་དགའ་གནང་བའི་མཛད་སྒོ། 

འཕྲིན་སྦྱོར་ཐོན་རྫས་གསར་པ་དངོས་སུ་ཤར་གཏོང་བྱ་བའི་མཛད་སྒོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1