རྔ་བ་ཁུལ་གྱི་ཕྱུགས་བསྐྱུར་རྩྭ་འདེབས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་9744.5སྤྲད་ཐོན་བྱུང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-15


ད་ལོར། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཞིང་ལས་ཐིང་ནས་མར་སྤྲད་པའི་རྔ་བ་ཁུལ་གྱི་2015ལོའི་རྒྱལ་ཁབ་རང་བྱུང་རྩྭ་ཐང་ཕྱུགས་བསྐྱུར་རྩྭ་འདེབས་ལས་གཞིའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་9744.5(འདིའི་ནང་དུ་ཀྲུང་དབྱང་གི་དཔག་རྩིས་ནང་ནས་མ་དངུལ་སྒོར་ཁྲི་8352.5བཏང་བ་དང་། ས་གནས་ཀྱིས་མ་དངུལ་སྒོར་ཁྲི་1392བཏང་བ་རེད།) ད་ལྟ་དངོས་སུ་སྤྲད་ཐོན་བྱུང་ཡོད།

རྣམ་གྲངས་འདིའི་མ་དངུལ་ནི་རྔ་བ་དང་མཛོད་དགེ ཁྱུང་མཆུ། ཛམ་ཐང་། ཟུང་ཆུ། ཆུ་ཆེན། ཁྲོ་ཆུ་བཅས་རྫོང་ཁག་བདུན་དུ་ལག་བསྟར་བྱེད་པའི་རྩྭ་སའི་ཕྱུགས་བསྐྱུར་ར་བསྐོར་མུའུ་ཁྲི་10དང་། ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་བྱེད་པའི་ར་བསྐོར་མུའུ་ཁྲི་253ཞན་གྱུར་རྩྭ་ཐང་གསབ་འདེབས་བྱེད་པ་མུའུ་ཁྲི་79.4མིས་བཟོས་གཟན་རྩྭའི་ཐང་འཛུགས་སྐྲུན་གྱི་མུའུ་5.5 དང་།སྟེར་གསོས་ལྷས་རའི་འཛུགས་སྐྲུན་གྱི་ཁྱིམ་དུད་ཁྲི་0.1585རྒྱལ་ཁབ་རིམ་པའི་རྩྭ་ཐང་གི་གཏན་ཁེལ་ལྟ་ཞིབ་ཚད་ལེན་ས་གནས་1སོགས་ཀྱི་ཐད་ལ་སྤྱོད་པའི་འཆར་གཞི་ཡིན། ལས་གཞིའི་རྣམ་གྲངས་འདི་ནི་2016ལོའི་ཟླ་8 པའི་སྔོན་དུ་འཛུགས་སྐྲུན་ལེགས་འགྲུབ་ཡོང་རྒྱུ་ཡིན་ནོ།།

རྒྱུས་ལོན་བྱས་པ་ལྟར་ན། 2003ལོར་རྒྱལ་ཁབ་རང་བྱུང་རྩྭ་ཐང་ཕྱུགས་བསྐྱུར་རྩྭ་འདེབས་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། རྒྱལ་ཁབ་ཀྱིས་ཁྱོན་བསྡོམས་རྔ་བ་ཁུལ་དུ་ཕྱུགས་བསྐྱུར་རྩྭ་འདེབས་ལས་གཞིའི་རྣམ་གྲངས་ཐེངས་14ལ་སྤྲད་ཅིང་།ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་115573.1བཏང་བ་ཡིན། དེའི་ནང་དུ་ཀྲུང་དབྱང་གི་དཔག་རྩིས་ནང་ནས་མ་དངུལ་སྒོར་ཁྲི་88315.1བཏང་ཞིང་། ས་གནས་ཀྱིས་མ་དངུལ་སྒོར་ཁྲི་27258བཏང་། ཕྱུགས་བསྐྱུར་རྩྭ་འདེབས་ལས་གཞིའི་འགོག་གསོ་རྩྭ་ས་མུའུ་ཁྲི་3997བཏང་། གསབ་འདེབས་རྩྭ་ཐང་མུའུ་ཁྲི་912.6བཏང་། མིས་བཟོས་གཟན་རྩྭའི་ཐང་མུའུ་ཁྲི་14.4 དང་། སྟེར་གསོས་ལྷས་ར་ཁྱིམ་དུད་ཁྲི་ 1.4195སོགས་ཀྱི་ལས་ཀ་མར་ཕབས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1