རྗེ་ཙོང་ཁ་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-15


ཆེད་མཁས་པ་དང་ཤེས་ཡོན་པ་རྣམ་པ།

ཡུལ་དངོས་ཀྱི་ཟུར་ཞིག

ལྷན་དུ་པར་བསྐྱོན་པ།

         སྤྱི་ཟླ7པའི་ཚེས་11ཉིན། རྗེ་ཙོང་ཁ་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་དུ་བསྡུས། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་དང་། ཧྲུན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་གི་ཁྲི་བའམ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གི་མཚན་འཛིན་ཚོགས་གཙོ་བཞག་པ་རིན་པོ་ཆེ། ཉི་ཧོང་ཏཱ་ཀུའུ་སློབ་ཆེན་གྱི་དགེ་རྒན་རྩ་བ་ཤེས་རབ་བཟང་པོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ། སྐལ་བཟང་རྒྱལ། འཇིགས་མེད་བསམ་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བློ་བཟང་ཆོས་གྲགས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོའམ་བོད་རིག་པའི་ཆེད་མཁས་པ་བསོད་ནམས་རྩེ་མོའམ་ཧི་ཧྥུན་སོགས་མིང་དུ་གྲགས་པའི་ཆེད་མཁས་པ་དང་ཤེས་ཡོན་པ་སོགས་མི་སྣ་50ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད།

        མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་བསོད་ནམས་རྩེ་མོའམ་ཧི་ཧྥུན་གྱིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེས་གྲོས་ཚོགས་ལ་མདོ་འཛིན་མཛད་ལ། ཆེད་མཁས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་དང་འབྲེལ་ནས་གཙོ་ཆེར་རྗེ་ཙོང་ཁ་པའི་སྐྱེས་རབས་དང་། ལྟ་དགོངས། གསུང་དཔེ་སོགས་མཛད་འཕྲིན་སྣ་ཚོགས་ཐད་དཔྱད་བརྗོད་དང་གདེངས་འཇོག་མཛད།

         རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་2014ལོར་ཆེད་དུ་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གསར་དུ་བཙུགས་པ་དང་། ད་ཐེངས་ཀྱང་རྒྱལ་ཁབ་ཕྱི་ནང་ནས་ཆེད་མཁས་པ་50ལྷག་གདན་ཞུ་སྒོས་རིན་ཐང་བྲལ་བའི་དཔྱད་རྩོམ་སྣ་ཚོགས་ལ་དཔྱད་བརྗོད་གང་མང་སྤེལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1