བོད་ལྗོངས་ཡོངས་ཀྱི་སློབ་གྲྭ་99%རུ་སྐད་ཡིག་གཉིས་ཀྱི་སློབ་གསོ་ལག་ལེན་བསྟར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


 

འདི་ནི་ལྷ་ས་སློབ་ཆུང་གསུམ་པའི་སློབ་མར་བོད་ཡིག་སློབ་ཚན་ཁྲིད་བཞིན་པའི་གནས་ཚུལ་རེད། 

             ཉེ་ལམ། ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས། བོད་ཡིག་སློབ་ཁྲིད་གཙོ་བོར་བཟུང་བའི་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་མ་ལག་ཁྱབ་སྤེལ་ཤུགས་ཆེན་བཏང་ཡོད། མིག་སྔར་ཞིང་འབྲོག་ཁུལ་ཡོངས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཆུང་ཁག་གཅིག་ཏུ་བོད་རྒྱ་སྐད་ཡིག་གཉིས་མཉམ་དུ་སློབ་ཁྲིད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཡོད་པ་དང་། སློབ་ཚན་གཙོ་བོ་བོད་ཡིག་ཐོག་ནས་ཁྲིད་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་འབྲིང་སྐབས་སུའང་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པ་དང་འབྲེལ་ནང་སའི་བོད་ལྗོངས་འཛིན་གྲྭར་བོད་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད། ད་ཆ་ལྗོངས་ཡོངས་ཀྱི་99%ལས་བརྒལ་བའི་སློབ་གྲྭར་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལམ་ལུགས་ལག་ལེན་བསྟར་བཞིན་ཡོད་པ་དང་། 97%ལས་བརྒལ་བའི་སློབ་མས་སྐད་ཡིག་གཉིས་ཀྱི་སློབ་གསོ་དང་ལེན་བྱེད་བཞིན་ཡོད་པ་དང་། སློབ་ཞུགས་གོང་ནས་སློབ་ཆེན་བར་གྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་བསྐྲུན་ཡོད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1