ངོ་མཚར་གྱི་སྐད་གཉིས། སྤྲོ་སྐྱིད་ཀྱི་ཕོ་ཉ་ཞེས་པའི་ཁམས་པའི་བརྙན་འཕྲིན་ཁང་གི་2015ལོའི་བོད་རྒྱ་སྐད་གཉིས་འགྲན་སྡུར་དཔའ་རིས་སུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-20


         ཉེ་ཆར།  ངོ་མཚར་གྱི་སྐད་གཉིས། སྤྲོ་སྐྱིད་ཀྱི་ཕོ་ཉ་ཞེས་པའི་ཁམས་པའི་བརྙན་འཕྲིན་ཁང་གི་2015ལོའི་དཔའ་རིས་འགྲན་ཁུལ་གྱི་བོད་རྒྱ་སྐད་གཉིས་འགྲན་སྡུར་དཔའ་རིས་མི་རིགས་སློབ་འབྲིང་དུ་སྤེལ།  དཔའ་རིས་བརྙན་འཕྲིན་ཁང་དང་དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ། དཔའ་རིས་མི་རིགས་སློབ་འབྲིང་གི་སློབ་གཙོ་དང་དགེ་སློབ་བརྒྱ་ལྷག་འགྲན་ཚོགས་སུ་ཞུགས། དུས་ཚོད་གཉིས་རིང་གི་འཁྲུག་ཆ་དོད་པོའི་འགྲན་རྩོད་ཁྲོད་དཔའ་རིས་མི་རིགས་སློབ་འབྲིང་གི་སློབ་མ་ཚེ་མཚོ་སྒྲོལ་མ་དང་དཔའ་རིས་སྐྱིད་གཉིས་ལ་རྒྱལ་ཁ་ཐོབ་སྟེ། སི་ཁྲོན་ཁྲེན་ཏུའུ་ཡི་ཁམས་པའི་བརྙན་འཕྲིན་ཁང་གི་2015ལོའི་བོད་རྒྱ་སྐད་གཉིས་འགྲན་ཚོགས་དཔའ་རིས་ཁུལ་གྱི་བདམས་ཐོན་པ་རུ་གྱུར།

འགྲན་ཚོགས་ཀྱི་ཡུལ་དངོས།

 

གཟབ་ནན་ངང་དཔྱད་བསྡུར་བྱེད་བཞིན་པའི་ཚུལ།

 

རྒྱལ་ཁ་ཐོབ་པའི་སློབ་མ་ཚེ་མཚོ་སྒྲོལ་མ་དང་དཔའ་རིས་སྐྱིད།

ལས་བྱེད་པ་དང་འགྲན་ཞུགས་པའི་མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1