ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ལྷན་ཚོགས་ཀྱིས་མ་ཏེ་རིར་འཆད་ཁྲིད་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-21



སྤྱི་ཟླ་7པའི་ཚེས་17ཉིན། སི་ཕེན་གྱི་མ་ཏེ་རིར། ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ལྷན་ཚོགས་ཀྱི་ཚོགས་མི་དང་སི་ཕེན་གྱི་ཀྲུང་གོའི་བཅའ་སྡོད་གཞུང་ཚབ་ཆེན་མོ་ལེའུ་ཧྥན་(གཡས་གསུམ)བཅས་ཀྱིས་སི་ཕེན་གྲོས་ཁང་གི་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མུའུ་ཉི་ཨའོ་སུ་ཨཱ་ལོང་སའོ་(གཡོན་གསུམ)དང་གྲོས་མི་5དང་མཇལ་ཕྲད་གནང་། 



སྤྱི་ཟླ7པའི་ཚེས་17ཉིན། སི་ཕེན་གྱི་མ་ཏེ་རིར། སི་ཕེན་གྲོས་ཁང་གི་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མུའུ་ཉི་ཨའོ་སུ་ཨཱ་ལོང་སའོ་(གཡོན)ཡིས་ཀྲུང་གོ་བོད་ཀྱི་རིག་གནས་སྤེལ་རེས་ལྷན་ཚོགས་ཀྱི་ཚོགས་མི་བདེ་སྐྱིད་གཡང་སྒྲོན་དང་ཕྱག་འཇུ་བྱེད་བཞིན་པ།  


ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ལྷན་ཚོགས་ཀྱིས་ཚེས་17ཉིན་སི་ཕེན་གྱི་མ་ཏེ་རིའི་ཀྲུང་གི་རིག་གནས་ལྟེ་གནས་སུ་འཆད་ཁྲིད་སྤེལ་ཏེ། ས་དེ་གའི་རིག་གནས་ལས་རིགས་ཀྱི་མི་སྣ་དང་རིག་མཛོད་མཁས་དབང་། ཀྲུང་གོ་གནད་དོན་ཆེད་མཁས་པ་དང་ཕྱིར་སྡོད་རང་མི་སོགས་སུ་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཚོགས་མི་དང་མཉམ་དུ་འབྲེལ་འདྲེས་སྤེལ་རེས་བྱས། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1