ཡུལ་ཤུལ་འབྲི་གཡག་རིག་གནས་སྒྱུ་རྩལ་དུས་ཆེན་དང་རྟ་རྒྱུགས་འགྲན་ཚོགས་ཚེས་25ཉིན་མགོ་རྩོམ་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-22


          སྤྱི་ཟླ་7པའི་ཚེས་19ཉིན། གསར་འགོད་པས་ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཡིད་འཕྲོག་གཙང་གསུམ་འབྱུང་ཡུལ་དང་ཐང་བོད་བརྩེ་སེམས་བརྒྱུད་སྤྲོད་ཅེས་པ་བརྗོད་བྱ་བྱས་པའི་2015ལོའི་ཡུལ་ཤུལ་འབྲི་གཡག་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུགས་འགྲན་ཚོགས་དེ། ཟླ་7པའི་ཚེས་25ཉིན། ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་རྟ་རྒྱུགས་ར་བ་ནས་མགོ་རྩོམ་རྒྱུ་རེད།


         འགྲན་ཚོགས་དེའི་རིང་རྟ་རྒྱུགས་དང་གཡག་རྒྱུགས། བོད་ཀྱི་འཇུ་རེས། རྟ་རྩལ་འཁྲབ་སྟོན། མདའ་འཕེན། མི་རིགས་གླུ་གར་དང་བོད་ཀྱི་རྒྱན་གོས་འཁྲབ་སྟོན་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་བྱ་འགུལ་ཆེན་མོ་བར་མ་ཆད་པར་འཁྲབ་སྟོན་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1