2015ལོའི་སི་ཁྲོན་ཞིང་ཆེན་བོད་ཀྱི་ཟློས་གར་གསར་གཏོད་དང་འཕེལ་རྒྱས་མུ་འབྲེལ་བྱེད་སྒོ་སྤེལ་འགོ་ཚུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-22


        སྤྱི་ཟླ་7པའི་ཚེས་20ཉིན་གྱི་དགོང་མོར། སྐབས་དང་པོའི་སི་ཁྲོན་སྒྱུ་རྩལ་དུས་ཆེན་ཏེ་2015ལོའི་སི་ཁྲོན་བོད་ཀྱི་ཟློས་གར་གསར་གཏོད་དང་འཕེལ་རྒྱས་ཀྱི་མུ་འབྲེལ་བྱེད་སྒོ་རྔ་བ་ཁུལ་འབར་ཁམས་རྫོང་ནས་དངོས་སུ་སྤེལ་འགོ་ཚུགས།

        སྐབས་དང་པོའི་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོའི་ནང་གསེས་ཀྱི་ཆ་ནས།  བྱ་འགུལ་འདི་འགོ་ཚུགས་པ་ནས་སི་ཁྲོན་གྱི་ས་གནས་ཟློས་གར་དང་། ལྷག་པར་ཏུ་མི་རིགས་ས་ཁུལ་གྱི་ཟློས་གར་རྒྱུན་འཛིན་དང་སྲུང་སྐྱོང་། གསར་གཏོད་དང་འཕེལ་རྒྱས་ཀྱི་འགོ་ཡང་ཚུགས་ཡོད།


      སྐབས་དང་པོའི་སི་ཁྲོན་སྒྱུ་རྩལ་དུས་ཆེན་ཏེ་2015ལོའི་སི་ཁྲོན་བོད་ཀྱི་ཟློས་གར་གསར་གཏོད་དང་འཕེལ་རྒྱས་ཀྱི་མུ་འབྲེལ་བྱེད་སྒོ་ཡི་བརྗོད་གཞི་ནི།  བོད་ཀྱི་ཟློས་གར་གྱི་འཕེལ་རྒྱས་དང་སྲུང་སྐྱོང་ཡིན། མུ་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད། བོད་ཀྱི་ཟློས་གར་དང་ས་གནས་གཞན་གྱི་ཟློས་གར་གྱི་རྒྱུན་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་བྱ་བར་ཞིབ་དཔྱད་དང་འཚོལ་ཞིབ་ཀྱི་དུས་མཚུངས་སུ། རྒྱ་ཆེའི་འཁྲབ་གཞུང་རྩོམ་མཁན་དང་སྒྱུ་རྩལ་ལས་དོན་པ་ཡོངས་ལ་སྣེ་ཁྲིད་བྱས་ཏེ།  སྤྱི་ཚོགས་གོང་འཕེལ་དང་དུས་རབས་འཕེལ་རྒྱས་ལ་བསྟོད་གླུ་གྱེར་ལ། ཕུལ་བྱུང་བོད་ཀྱི་ཟློས་གར་བརྩམས་ཆོས་གང་མང་གསར་གཏོད་ཐོན་སྐྱེད་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བསམ་པའི་ལོངས་སྤྱོད་མཁོ་འདོན་བྱེད་རྒྱུ་དེ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1