ལིང་ཅི་ཧྭ་ཡི“གཉིས་དབྱུང”བརྡ་ཁྱབ་ཀྱི་རྗོད་སྟངས་དེ་ཀྲོའུ་ཡུང་ཁང་དང་མི་འདྲ་ས་གང་ཡོད་དམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-26


       ལིང་ཅི་ཧྭ་སྒྲིག་ཁྲིམས་དང་ཚབས་ཆེར་འགལ་བའི་གྱོད་གཞིའི་སྐོར་གྱི་ཞིབ་བཤེར་སྙན་ཞུལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་སྟེ། ལིང་ཅི་ཧྭ་ཏང་ཁོངས་དང་ལས་གནས་གཉིས་ཀ་ནས་དབྱུང་རྒྱུའི་ཐག་བཅད་འདུག་ཅིང་། ཁོའི་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་དང་ཁུངས་སྣེ་དག་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྤྲད་ཡོད།
         ལིང་ཅི་ཧྭགཉིས་དབྱུང་བྱ་རྒྱུ་ནི་ཀུན་གྱིས་སྔོན་ནས་བློ་ངོར་ཤར་ཡོད་པ་ཞིག་ཡིན་ཀྱང་། ཁོའི་གཉིས་དབྱུང་བརྡ་ཁྱབ་ཀྱི་ཚིག་གི་རྗོད་པ་དེས་ཀུན་ལ་ཧང་སང་བར་བཅུག་ཡོད་དེ། སྔོན་མའི་ཀྲོའུ་ཡུང་ཁང་ཏང་ཁོངས་ནས་དབྱུང་བའི་བརྡ་ཁྱབ་དང་བསྡུར་ཚེ། ཁོ་གཉིས་ནི་ངན་པ་གང་འདྲ་ཡིན་ལ་ཐ་ན་ཕྱོགས་ཁ་ཤས་ཐད་ལིང་ནི་སྔོན་མ་ལས་ཀྱང་ཚབས་ཆེ་འདུག གཤམ་དུ་བརྡ་ཁྱབ་གཉིས་ཀའི་རྗོད་པ་ཞིབ་ཏུ་བསྡུར་ན།
         གཅིག  བརྡ་ཁྱབ་ནང་ལིང་ཅི་ཧྭ་ནི་ཏང་གི་ཆབ་སྲིད་སྒྲིག་ལམ་དང་། ཆབ་སྲིད་སྒྲིག་ཁྲིམས། རྩ་འཛུགས་ཀྱི་སྒྲིག་ལམ། གསང་འཛིན་གྱི་སྒྲིག་ལམ་བཅས་དང་ཚབས་ཆེར་འགལ་ཡོད་ཅེས་བཀོད་ཡོད། ཀྲོའུ་ལས་ཞིག་གིས་མང་བ་ཡོད་འདུག  ལིང་ནི་ཀྲོའུ་ལས་ཆབ་སྲིད་སྒྲིག་ཁྲིམས་ཏེ་ཉེ་བའི་ལོ་འགའི་རིང་ཀྲུང་དབྱང་གིས་ཐེངས་མང་པོར་ནན་བཤད་བྱས་ཡོད་པ་འདི་དང་ཚབས་ཆེར་འགལ་ཡོད།
         གཉིས་པ། བརྡ་ཁྱབ་ནང་ལིང་གིས་རང་གི་གོ་གནས་སྤྱད་དེ་མི་མང་པོར་ཁེ་ཕན་བསྒྲུབས་ཡོད་ཅིང་། རང་ཉིད་དངོས་སམ་ཁྱིམ་མི་བརྒྱུད་དེ་ལྐོག་རྔན་འབོར་ཆེན་སྤྲོད་ལེན་བྱས་ཡོད་པ་དང་། ཀྲོའུ་ཡིས་གོ་གནས་སྤྱད་དེ་མི་མང་པོར་ཁྲིམས་མཐུན་མ་ཡིན་པའི་ཁེ་ཕན་བསྒྲུབས་ཡོད་ཅིང་། ཐད་ཀར་རམ་ཁྱིམ་མི་བརྒྱུད་དེ་ལྐོག་རྔན་འབོར་ཆེན་སྤྲོད་ལེན་བྱས་ཡོད་ཅེས་བཀོད་ཡོད། ལས་གནས་བེད་སྤྱད་པའི་ཐད་ལིང་ལ་ཁྲིམས་མཐུན་མ་ཡིན་པ་ཞིག་གིས་ཉུང་བ་དང་། ལྐོག་རྔན་འབོར་ཆེན་སྤྲོད་ལེན་བྱས་པའི་ཐད་ཀྲོའུ་ནི་ཐད་ཀར་དང་ལིང་ནི་རང་ཉིད་ཡིན།  རང་ཉིད་ནི་ཐད་ཀར་ལ་གཏོགས་པ་ཡིན་ཤག་དང་ཐད་ཀར་ནི་རང་ཉིད་ཡིན་མི་དགོས།
         གསུམ་པ། བརྡ་ཁྱབ་ནང་ལིང་གིས་སྒྲིག་འགལ་ཁྲིམས་འགལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཆེན་པོ་མང་པོ་བླངས་ཡོད་ཅེས་བཀོད་ཡོད། ཡིན་ཡང་ཀྲོའུ་ནི་ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བརྟོལ་ཡོད་པ་ཡིན་འདུག  བརྗོད་པའི་ངོས་ནས་བལྟས་ན། ངོ་བོ་དང་ལག་ཐབས། ངན་ཤུགས་ཀྱི་ཚད་ཆེ་ཆུང་སོགས་གང་ཡིན་རུང་ལིང་ནི་ཀྲོའུ་ལས་ཚབས་ཤིན་ཏུ་ཆེ་འདུག
         བཞི་པ། བརྡ་ཁྱབ་ནང་ལིང་ནི་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་དང་ཚབས་ཆེར་འགལ་ཡོད་དེ། རང་ཉིད་དང་ཆུང་མ་གཉིས་ཀྱིས་གཞན་པའི་རྒྱུ་ནོར་བླངས་ཏེ་ཆུང་མའི་གཉེར་བའི་ལས་ལ་ཁེ་ཕན་རག་ཐབས་བྱས་ཡོད། ཡིན་ཡང་ཀྲོའུ་ནི་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་དང་ཚབས་ཆེར་འགལ་ཡོད་པ་དང་། རང་ཉིད་དང་ཉེ་འབྲེལ་གྱིས་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་ཡོད། ལིང་ནི་ཆུང་མ་ཡིན་ལ་ཀྲོའུ་ནི་ཉེ་འབྲེལ་ཡིན་པས་ཁྱབ་ཅུང་ཙམ་ཆུང་བ་མ་ཟད། ཀྲོའུ་ལྟར་འབོར་ཆེན་ཡིན་མི་འདུག
         ལྔ་བ། བརྡ་ཁྱབ་ནང་ལིང་ནི་བུད་མེད་མང་པོ་དང་ལོག་གཡེམ་སྤྱད་དེ་དབང་སྲེད་བརྗེ་འཚོང་བྱས་ཡོད་པ་དང་། ཀྲོའུ་ནི་བུད་མེད་མང་པོ་དང་ལོག་གཡེམ་སྤྱད་ཡོད་པ་མ་ཟད། དབང་སྲེད་དང་རྒྱུ་སྲེད་བརྗེ་འཚོང་བྱས་ཡོད་ཅེས་བཀོད་ཡོད། འདིའི་ཐད་ལིང་ལ་རྒྱུ་སྲེད་བརྗེ་འཚོང་ཞིག་ཉུང་འདུག
         དྲུག་པ། བརྡ་ཁྱབ་ནང་ལིང་གིས་ཉེ་འབྲེལ་གྱིས་ཁོའི་གོ་གནས་སྤྱད་དེ་རྒྱུ་ནོར་དང་ཁེ་སྤོགས་བླངས་པ་ལ་འགན་གཙོ་བོ་འཁུར་ཡོད། ཀྲོའུ་ཡིས་གོ་གནས་གང་བྱུང་དུ་སྤྱད་དེ་རང་གི་ཉེ་འབྲེལ་དང་། དགའ་གྲོགས། གྲོགས་པོ་དག་གིས་གཉེར་བའི་ལས་ལ་ཁེ་ཕན་འབོར་ཆེན་བླངས་ཏེ། གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་ཅེས་བཀོད་ཡོད། འདི་ལ་དོན་གྱི་འབབ་སའི་ཐད་ཀྱི་མི་འདྲ་བ་ཡོད།
         ཀྲོའུ་ཡུང་ཁང་གཉིས་དབྱུང་བཏང་བའི་བརྡ་ཁྱབ་གྱི་མཇུག་སྡོམ་ནང་། ཀྲོའུ་ཡིས་བྱེད་ལུགས་བྱེད་སྟངས་ཡོངས་ཏང་གི་ངོ་བོ་དང་དམིགས་ཡུལ་དང་རྩ་བ་ནས་རྒྱབ་འགལ་བྱུང་ཡོད་པ་དང་། ཏང་གི་སྒྲིག་ལམ་དང་ཚབས་ཆེར་འགལ་ཏེ་ཏང་གི་སྣང་བརྙན་ལ་གནོད་སྐྱོན་ཆེན་པོ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཚབས་ཆེན་བཟོས་ཤིང་། ཤུགས་རྐྱེན་ཧ་ཅང་ངན་པ་བཞག་ཡོད་ཅེས་བཀོད་པ་དང་བསྡུར་ན། ལིང་ཅི་ཧྭ་གཉིས་དབྱུང་བཏང་བའི་བརྡ་ཁྱབ་ནང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཚབས་ཆེན་བཟོས་ཞེས་པ་མི་འདུག
         ༢༠༡༥ ལོའི་ཟླ་ ༦ པའི་ཚེས་ ༡༡ ཉིན། ཐེན་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཀྲོའུ་ཡུང་ཁང་གི་ལྐོག་རྔན་སྤྲོད་ལེན་དང་། གོ་གནས་གང་དགར་སྤྱད་པ། བསམ་གཟས་ཏེ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བརྟོལ་བའི་གྱོད་གཞི་ལ་ཚེ་བཙོན་དང་། ཚེ་གང་པོར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ལེན་བྱས་པའི་ཆབས་གཅིག་མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་གཏོང་བའི་ཁྲིམས་བཅད་ཅིང་། ཁྲིམས་སར་ཀྲོའུ་ཡིས་ཁྲིམས་ཁང་གི་ཁྲིམས་བཅད་ལ་ཡིད་འཐད་ཡོད་པ་དང་གོང་གཏུག་མི་བྱེད་པ་བཤད་ཡོད། བརྡ་ཁྱབ་ནང་ལིང་ཅི་ཧྭ་ཡི་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་དང་ཁུངས་སྣེ་དག་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྤྲད་ཡོད་པར་བཤད་ཡོད་ཅིང་། རིང་པོ་མི་ལོན་པར་ལིང་ཅི་ཧྭ་ཡང་ཁྲིམས་ལ་སྦྱོར་རྒྱུ་ཡིན་ནོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1