འགག་རྩའི་གྲངས་ཉུང་དམ་པོར་བཟུང་སྟེ་ཁྲིམས་སྐྱོང་སི་ཁྲོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། སི་ཁྲོན་གྱིས་ཁྱོན་ཡོངས་ནས་ཁྲིམས་སྐྱོང་འགན་ཁུར་ལམ་ལུགས་དང་འགན་ཁུར་བདའ་འདེད་ལམ་ལུགས་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29



    ཉེ་ཆར། ཞིང་ཨུའི་གཞུང་དོན་ཁང་གིས་འགོ་ཁྲིད་ལས་བྱེད་པའི་འགག་རྩའི་གྲངས་ཉུང་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་ཀ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་བསམ་འཆར།》  གཤམ་དུ་བསྡུས་མིང་ལ་བསམ་འཆར ཞེས་བརྗོད། དཔར་འགྲེམ་བྱས་ཤིང་།  ཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གནད་འགག་ཅིག་ཏུ་བཟུང་དགོས་པའི་བླང་བྱ་བཏོན་ཡོད་ལ།  འགོ་ཁྲིད་ལས་བྱེད་པའི་འགག་རྩའི་གྲངས་ཉུང་དེ་དམ་འཛིན་བྱེད་པར་བརྒྱུད་ཁྲིམས་ལྟར་ཞིང་ཆེན་ སྐྱོང་བའི་ལས་ཀ་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཐེབས་དགོས་པར་བསྟན་ཡོད།     

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་གཙོ་དོན་དཔྱད་ཞིབ་འཛིན་གྲྭའི་སྟེང་དུ་ནན་གསུང་གནང་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ལས་བྱེད་མི་སྣའི་འགག་རྩའི་གྲངས་ཉུང་དེ་དམ་འཛིན་བྱ་དགོས་ཞེས་གསུངས།
      སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཝང་ཏུང་མིང་གིས་བདེན་འཚོལགྱི་སྟེང་དུ་འགོ་ཁྲིད་ལས་བྱེད་པའི་འགག་རྩའི་གྲངས་ཉུང་དམ་འཛིན་བྱེད་དགོས།》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཆབ་སྲིད་ཀྱི་སྐྱེ་ཁམས་ཡག་པོ་སྐྲུན་པ་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སི་ཁྲོན་གྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་ཀའི་ཁྲོད་འགོ་ཁྲིད་ལས་བྱེད་པར་ཡོད་པའི་བསམ་བློའི་ངོས་ཟིན་དང་འགན་ཁུར་དང་ལེན། འགན་སྒྲུབ་ཁུར་གཙང་སོགས་ཀྱི་ཐད་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས་བསམ་འཆརའདི་གཏན་འབེབས་བྱས་པ་རེད། ཁྲིམས་སྐྱོང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་འཁོར་གྱི་གཙོ་གནད་ལྟ་སྐུལ་དོན་ཚན་དུ་བཞག་ནས། ལོ་འཁོར་གྱི་ལས་འབྲས་དམིགས་འབེན་དཔྱད་དཔོག་ལག་བསྟར་ནན་མོ་བྱེད་པ་དང་། སི་ཁྲོན་ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གདེང་འཇོག་ཚད་གཞི། (ཚོད་ལྟར་སྤྱོད་རྒྱུ)  དང་། སི་ཁྲོན་ཞིང་ཆེན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གནས་ཚུལ་དཔྱད་དཔོག་བྱ་ཐབས།(ཚོད་ལྟར་སྤྱོད་རྒྱུ)  བེད་སྤྱོད་གང་ལེགས་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་ལས་དོན་སྐུལ་འདེད་གཏོང་ཚུལ་ལ་དཔྱད་ཞིབ་དང་དཔྱད་དཔོག་ནན་མོ་བྱེད་དགོས་པར་མ་ཟད་དུས་ཐོག་ཏུ་རྩ་འཛུགས་(མི་དོན་)སྡེ་ཁག་ལ་བརྡ་བསྒྲགས་གཏོང་དགོས། ཁྲིམས་སྐྱོང་ལྟ་སྐུལ་གྱི་འགན་འཁྲི་བདའ་འདེད་ནན་པོ་བཙུགས་ཤིང་། དབང་གྲགས་ཆེ་ཞིང་ཕན་ནུས་ཆེ་བའི་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཛུགས་པ་དང་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་ལས་ཀའི་འགན་འཁྲི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། འགན་འཁྲི་མི་སྣ་ཨང་དང་པོའི་འགན་འཁྲི་ནན་ཏན་གྱིས་མི་སྒྲུབ་པའི་ཏང་སྲིད་འགན་ཁུར་པ་གཙོ་བོར་གོང་རིམ་ཏང་ཨུས་དུས་ཐོག་ཏུ་བསླབ་བྱ་གནང་བ་དང་ཁ་བརྡ་བྱས་ནས་སྐྱོན་བརྗོད་ནན་མོ་བྱ་རྒྱུ། བསྟུད་མར་ཁྲིམས་འགལ་གྱི་གྱོད་དོན་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་ཐོག་མཇུག་འབྲས་ངན་པ་ཚབས་ཆེན་བཟོས་རིགས་ལ། འགན་ཁུར་བདའ་འདེད་ནན་མོ་བྱེད་པ་དང་། བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་དགོས།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1