གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༧ཚེས་༢༩ཉིན།

ལྷ་སའི་ཞོ་སྟོན་སྤྱི་ཟླ་8ཚེས་14ཉིན་ནས་བཟུང་འགོ་ཚུགས་རྒྱུ་ཡིན་པ།


       སྤྱི་ཟླ་8ཚེས་14ཉིན“ཉི་འོད་གྲོང་ཁྱེར”ལྷ་སས་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་ཆེན་ཆེ་གྲས་ཞོ་སྟོན་བསུ་རྒྱུ་ཡིན་པ་དང་། བྱེད་སྒོ་སྤེལ་རིང་སེ་རའི་གོས་སྒུ་འགྲེམས་པ་དང་། ལྷ་མོའི་འཁྲབ་སྟོན། ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། ལོ་རེའི་ཧོར་ཟླ་6ཚེས་30ཉིན་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཞོ་སྟོན་ཡིན་པ་དང་། ཞོ་སྟོན་ལ་ད་དུང་ནང་དོན་གལ་ཆེན་ཞིག་ཡོད་པ་ནི་ལྷ་མོའི་འཁྲབ་སྟོན་རེད། ཞོ་སྟོན་ནི་སྤྱི་ལོའི་དུས་རབས་11གི་དུས་དཀྱིལ་དུ་བྱུང་ཞིང་། དང་ཐོག་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ནས་ད་ལྟ་རིམ་བཞིན་གོས་སྒུ་འགྲེམས་པ་དང་། ལྷ་མོའི་འཁྲབ་སྟོན། རིག་གནས་རོལ་རྩེད་སོགས་དང་ཆོས་ལུགས་ཟུང་དུ་འབྲེལ་བའི་དམངས་སྲོལ་དུས་ཆེན་དུ་གྱུར་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་14ནས་ཚེས་20ཉིན་བར་ཡིན་པ་དང་།དེའི་རིང་འབྲས་སྤུངས་དང་སེ་རར་གོས་སྒུ་འགྲེམས་པ་དང་། ཕུལ་བྱུང་གི་ལྷ་མོའི་འཁྲབ་སྟོན། ཐང་གའི་སྒྱུ་རྩལ་འགྲེམས་སྟོན། བོད་རིགས་ཀྱི་རོལ་དབྱངས་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ།“ལྗང་མདོག་ཁྱིམ་གཞིས”ཚོང་ལས་གླུ་གར་འདུ་ཚོགས། གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་ཚོགས་ཆེན། དེ་བཞིན“ལུས་རྩལ་རྒྱན་ཤོག་བུམ་པ”རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1